ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པཱ་ནུན་དུ་སྡོད་པའི་རྒྱལ་ཁབ་མང་བོའི་གཞུང་ཚབ་ཁང་གིས་འཇིགས་སྐུལ་འཇབ་རྒོལ་གྱི་ཉེན་བརྡ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་དུ་སྡོད་པའི་ཧྥ་རན་སིའི་གཞུང་ཚབ་ཁང་གིས་ཚེས་བཅོ་ལྔ་ཉིན་ཉེན་བརྡ་བཏང་སྟེ། ལེ་པཱ་ནུན་དུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་འབྱུང་སྲིད་པ་དང་། ལེ་པཱ་ནུན་དུ་སྡོད་པའི་ཧྥ་རན་སིའི་སྤྱི་དམངས་དག་གིས་དུས་ཚོད་ཞེ་བརྒྱད་རིང་དོགས་ཟོན་མཐོར་འདེགས་བྱེད་དགོས་པའི་གསལ་འདེབས་བྱས།

དེ་ནི་བསྟུད་མར་ཉིན་གཉིས་ཀྱི་རིང་ལེ་པཱ་ནུན་དུ་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་གིས་སྤེལ་བའི་འཇིགས་སྐུལ་འཇབ་རྒོལ་གྱི་ཉེན་བརྡ་གཞན་ཞིག་རེད། སྔ་ཉིན། ཨ་མེ་རི་ཁ་དང་ཁཱ་ནཱ་ཏཱའི་གཞུང་ཚབ་ཁང་གིས་སོ་སོར་རྒྱལ་ཁབ་རང་གི་སྤྱི་དམངས་དག་མི་ཚོགས་མང་སར་འགྲོ་མི་རུང་བ་དང་། རྒྱུ་མཚན་ནི་ལེ་པཱ་ནུན་དུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་འབྱུང་སྲིད་པའི་གསལ་འདེབས་བྱས།

དབྱིན་ཇིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་བཞིའི་ཉིན་ལེ་པཱ་ནུན་ལ་དམིགས་པའི་གནས་སྐོར་ཉེན་བརྡར་བཟོ་བཅོས་བྱས་ཏེ། རྒྱལ་ཁབ་རང་གི་སྤྱི་དམངས་ཀྱིས་དུས་ངེས་མེད་དུ་དོགས་ཟོན་མཐོར་འདེགས་བྱེད་དགོས་པར་མ་ཟད། ལེ་པཱ་ནུན་སྲིད་གཞུང་གི་འབྲེལ་ཡོད་གྲོས་གཞིར་ཉན་དགོས་པའི་གསལ་འདེབས་བྱས།

ཕྱི་རྒྱལ་གྱི་གཞུང་ཚབ་ཁང་དེ་དག་གིས་ཉེན་བརྡའི་ཁྲོད་བྱེ་བྲག་གི་ནང་དོན་འདོན་སྤྲོད་བྱས་མེད། ལེ་པཱ་ནུན་སྲིད་གཞུང་གིས་གནས་སྐབས་སུ་དོན་དེའི་ཐད་ནས་བསམ་ཚུལ་ཅི་ཡང་བསྟན་མེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།