ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱིས་གྲོས་མོལ་སླར་གསོ་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཟླ་དགུ་བའི་ཚེས་གཅིག་ཉིན་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱིས་གྲོས་མོལ་སླར་གསོ་བྱས་ཏེ། གྲོས་མཐུན་བཀོད་ནས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཞི་འཇགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་ངེས་ཡིན་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་མའོ་སི་ཁོའི་རྒྱལ་སྤྱིའི་འབྲེལ་བའི་སློབ་ཆེན་ནས་སློབ་མའི་དྲི་བར་ལན་འདེབས་སྐབས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་རྒྱུས་ལོན་བྱུང་བ་ལྟར་ན། ཨ་མེ་རི་ཁས་མིག་སྔར་དཔོན་ཕྱོགས་ཀྱི་དེ་འདྲའི་མངོན་གསལ་མིན་པའི་ཐབས་ལ་བརྟེན་ནས་ཁྲའོ་ཞན་བར་གྲོས་མོལ་བྱེད་བཞིན་ཡོད་པ་དང་། གལ་ཏེ་ཨ་མེ་རི་ཁས་ཁྲའོ་ཞན་བར་གྱི་གྲོས་མོལ་སླར་གསོ་བྱས་ཏེ་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཞི་འཇགས་སུ་གཏོང་བའི་འབྲེལ་ཡོད་གྲོས་ཆོད་བཀོད་ན། ཨུ་རུ་སིའི་ཕྱོགས་ཀྱིས་ནུས་ཤུགས་ཡོད་དགུས་རྒྱབ་སྐྱོར་བྱེད་ངེས་ཡིན། རྒྱུ་མཚན་ནི་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པ་མངོན་འགྱུར་བྱེད་པ་ནི་ཨུ་རུ་སི་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱི་ཐུན་མོང་གི་དམིགས་འབེན་ཡིན་པས་རེད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་དེའི་སྔོན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཏིས་ལེ་སིན་གྱིས་ཁྲའོ་ཞན་ལ་དམིགས་པའི་མི་སྲིད་པ་བཞིའི་རྩ་དོན་བཏོན་པར་དགའ་བསུ་བྱེད་བཞིན་ཡོད་ཟེར། བཞི་མིན་རྩ་དོན་ནི་ཨ་མེ་རི་ཁས་ཆབ་སྲིད་དབང་ཤུགས་བརྗེ་བར་འཚོལ་ཞིབ་བྱེད་མི་སྲིད་པ་དང་། ད་ལྟའི་སྲིད་གཞུང་རྩ་རྫོགས་བྱེད་མི་སྲིད། ཕྱེད་གླིང་གི་གཅིག་གྱུར་གོམ་སྟབས་ཇེ་མགྱོགས་སུ་གཏོང་མི་སྲིད། ཨ་མེ་རི་ཁའི་དམག་དཔུང་གསུམ་བརྒྱད་རྒྱལ་མཚམས་བརྒལ་བར་ཁ་གཡོར་ས་བཙལ་མི་སྲིད་པ་བཅས་རེད། མིག་སྔར་རྩ་དོན་དེ་བྱེ་བྲག་གི་བྱ་སྤྱོད་དུ་བསྒྱུར་ནས་ཕྱོགས་དྲུག་གི་གྲོས་མོལ་སླར་གསོ་བྱེད་པར་ཡར་སྐུལ་གྱི་ནུས་པ་ཐོན་ཐུབ་མེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།