ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལོས་ཧྲ་མཱེ་ཡིས་འཇར་པན་དུ་འཚམས་འདྲི་བྱེད་པའི་བྱ་འགུལ་མཇུག་རྫོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་ཡིས་ཟླ་དགུ་བའི་ཚེས་གཅིག་ཉིན་འཇར་པན་དུ་ཉིན་གསུམ་གྱི་དངོས་གཞིའི་འཚམས་འདྲི་བྱེད་པའི་བྱ་འགུལ་མཇུག་རྫོགས་པ་དང་། འཇར་པན་ནི་ཐི་ལོས་ཧྲ་མཱེ་ཡིས་ད་ལོའི་ཟླ་དྲུག་པའི་དབྱིན་ཇིའི་འདེམ་བསྐོའི་ཆེན་མོའི་རྗེས་སུ་དངོས་གཞིའི་འཚམས་འདྲི་བྱས་པའི་ཨེ་ཤ་ཡཱ་གླིང་གི་རྒྱལ་ཁབ་ཐོག་མར་གྱུར་ཡོད། དབྱེ་ཞིབ་མི་སྣས་བལྟས་ན། ཐེངས་འདིའི་འཚམས་འདྲིའི་འགྲུལ་བཞུད་བཀོད་སྒྲིག་ནས་གྲོས་མོལ་གྱི་ནང་དོན་ལས་དབྱིན་ཇི་དང་འཇར་པན་གྱི་བདེ་འཇགས་འགོག་སྲུང་སོགས་ཁྱབ་ཁོངས་ཀྱི་དམིགས་བསལ་འབྲེལ་བ་དང་རྒྱལ་ཁབ་གཉིས་ཀྱིས་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་རྗེས་ཀྱི་དཔལ་འབྱོར་ཉོ་ཚོང་གི་ཁེ་ཕན་འཆར་གཞི་འབུར་དུ་ཐོན་པར་བྱས་ཡོད་པར་འདོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།