ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཙུང་ཐུང་གིས་སོ་ཏི་ཨ་རབ་ཀྱིས་ཡེ་མིན་ལས་དོན་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཟླ་བརྒྱད་པའི་ཚེས་སུམ་ཅུའི་ཉིན་གྱི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱིས་ཡེ་མིན་ལས་དོན་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་རེ་བ་བཏོན།

ལུའུ་ཧཱ་ནེ་ཡིས་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་ཡེ་མིན་ལས་དོན་དེ་ཡེ་མིན་མི་དམངས་ལ་ཐག་གཅོད་བྱེད་དུ་འཇུག་དགོས། གལ་ཏེ་སོ་ཏི་ཨ་རབ་ཀྱིས་ཡེ་མིན་ལས་དོན་གྱི་ཐེ་གཏོགས་མཚམས་བཞག་སྟེ། ས་ཁུལ་དེའི་འཇིགས་སྐུལ་ཉེས་ཅན་ལ་རྒྱབ་སྐྱོར་མ་བྱས་ན། དབྱི་ལིང་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བ་རྒྱུན་ལྡན་དུ་འགྱུར་སྲིད་ལ། གྲོས་མོལ་ནི་རྒྱལ་ཁབ་གཉིས་ཀྱི་འགལ་བ་ཐག་གཅོད་བྱེད་པའི་ཐབས་ལམ་ཆེས་བཟང་བོ་ཡིན་ཟེར།

སོ་ཏི་ཨ་རབ་དང་དབྱི་ལིང་གིས་ཉིས་སྟོང་བཅུ་དྲུག་ལོའི་ལོ་མགོར་འབྲེལ་ཐག་བཅད་པ་དང་། རྒྱལ་ཁབ་གཉིས་བར་སི་རི་ཡཱའི་གནད་དོན་དང་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བ་སོགས་གནད་དོན་རབ་དང་རིམ་པའི་ཐད་འགལ་བ་ཆེན་པོ་ཡོད་པ་རེད།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཉེ་སྔོན་བཤད་རྒྱུར། དབྱི་ལིང་གིས་ཐོག་མཐའ་བར་གསུམ་དུ་སོ་ཏི་ཨ་རབ་དང་གྲོས་མོལ་བྱེད་རྩིས་ཡོད་ཀྱང་། སོ་ཏི་ཨ་རབ་ཀྱིས་ནམ་རྒྱུན་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་གཏོང་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།