ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིས་རང་རྒྱལ་དུ་རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་སྲུང་སྐྱོང་གི་ཆེད་དོན་དཔྱད་དཔོག་ཐོག་མ་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསར་འགོད་པར་རྒྱལ་ཁབ་རྡུལ་ཕྲན་ནུས་པའི་སྒྲིག་གཞི་ནས་ཤེས་རྟོགས་བྱུང་བར། ཟླ8ཚེས28ཉིན་ཀྲུང་གོའི་རྒྱལ་ཁབ་རྡུལ་ཕྲན་ནུས་པའི་སྒྲིག་གཞིས་གདན་ཞུ་བྱས་པ་ལྟར་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིས་རང་རྒྱལ་དུ་བྱས་པའི་རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་སྲུང་སྐྱོང་གི་ཆེད་དོན་དཔྱད་དཔོག་ཐོག་མ་དེ་པེ་ཅིང་དུ་བྱེད་འགོ་བཙུགས་པ་རེད།
        ད་རེས་ཀྱི་དཔྱད་དཔོག་གི་དུས་ཡུན་ཉིན10ཡིན་པ་དང་། རྒྱལ་སྤྱིའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས《ཉིང་རྡུལ་རྒྱུ་ཆའི་དངོས་པོ་སྲུང་སྐྱོང་སྤྱི་ཆིངས་》དང་དེ་བཞིན་དེའི2005ལོའི་བཟོ་བཅོས་འཆར་ཟིན་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི《ཉིང་རྡུལ་རྒྱུ་ཆ་དང་ཉིང་རྡུལ་སྒྲིག་ཆས་ཀྱི་དངོས་པོ་སྲུང་སྐྱོང་དང་ཉིང་རྡུལ་བདེ་འཇགས་སྲུང་སྐྱོང་གི་བསམ་འཆར་》སོགས་ཉིང་རྡུལ་བདེ་འཇགས་སྲུང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཡིག་ཆ་དང་ལག་རྩལ་ཕྱོགས་སྟོན་ལམ་སྲོལ་གཞིར་བཟུང་། རང་རྒྱལ་གྱི་ཉིང་རྡུལ་བདེ་འཇགས་སྲུང་སྐྱོང་གི་འབྲེལ་ཡོད་སྲིད་གཞུང་གི་ལྟ་སྐུལ་དོ་དམ་སྡེ་ཚན་དང་སྤེལ་རེས་དང་གླེང་མོལ་བྱས་པ་བརྒྱུད། རང་རྒྱལ་གྱི་ཉིང་རྡུལ་བདེ་འཇགས་སྲུང་སྐྱོང་ལམ་ལུགས་དང་ཁྲིམས་སྲོལ་མ་ལག་དང་དེ་བཞིན་སྲིད་གཞུང་གི་ལྟ་སྐུལ་དོ་དམ་གྱི་ལག་ལེན་ཆ་ལག་ཆ་ཚང་བའི་ངང་ཤེས་རྟོགས་ཐུབ་ཡོད། དེའི་རིང་རྒྱལ་སྤྱིའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ད་དུང་ཆིན་ཧྲན་ཉིང་རྡུལ་གློག་ཁང་རྟེན་གཞིའི་ཧྥང་ཅ་ཧྲན་ཉིང་རྡུལ་གློག་ཁང་གི་རྣམ་གྲངས་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་ཀྱང་བྱས་པ་རེད།
       རྒྱལ་ཁབ་རྡུལ་ཕྲན་ཉིང་རྡུལ་སྒྲིག་གཞིས་ཀྲུང་གོའི་རྒྱལ་ཁབ་ཀྱི་རྡུལ་ཕྲན་ནུས་པའི་སྒྲིག་གཞི་དེ་ཉིང་རྡུལ་བཟོ་ལས་ལས་རིགས་ཀྱི་གཙོ་གཉེར་སྡེ་ཚན་ཡིན་པའི་ངོས་ནས་འབྲེལ་ཡོད་པུའུ་ཨུད་དང་མཐུན་སྦྱོར་དམ་ཟབ་བྱས་ཏེ་ཉིང་རྡུལ་བདེ་འཇགས་སྲུང་སྐྱོང་གི་རྒྱལ་སྤྱིའི་འོས་འགན་ལག་བསྟར་ནན་པོ་བྱེད་པ་དང་། ཉིང་རྡུལ་བདེ་འཇགས་སྲུང་སྐྱོང་གི་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཉིང་རྡུལ་བདེ་འཇགས་སྲུང་སྐྱོང་གི་སྲིད་གཞུང་གི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་ཟམ་མི་ཆད་པར་རྒྱག་པ། ཉིང་རྡུལ་བདེ་འཇགས་སྲུང་སྐྱོང་གི་ནུས་པ་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རང་རྒྱལ་གྱི་ཉིང་རྡུལ་བཟོ་ལས་མགྱོགས་མྱུར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་དང“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་བདེ་འཇགས་ལ་ཞབས་འདེགས་ཞུ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད་ཅེས་བརྗོད།
       རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་ཁྲོད་རང་ཚུགས་ཀྱི་སྲིད་གཞུང་དབར་གྱི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན་པས་ཉིང་རྡུལ་བདེ་འཇགས་སྲུང་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་ཁྱབ་ཁོངས་སུ་ལྟེ་བའི་ནུས་པ་འདོན་ཐུབ་ཀྱི་ཡོད། ད་བར་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིས་ཨ་རི་དང་། དབྱིན་ཇི། ཧྥ་རན་སེ་སོགས་རྒྱལ་ཁབ་མང་པོར་དཔྱད་དཔོག་ཐེངས་མང་བྱས་པས་ཁོངས་མིའི་རྒྱལ་ཁབ་ཀྱི་ཁས་ལེན་དང་གདེང་འཇོག་བཟང་པོ་མཐའ་གཅིག་ཏུ་ཐོབ་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།