ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་གྱིས་ཟླ་བརྒྱད་པའི་ཚེས་ཉེར་དགུའི་ཉིན་འཕུར་མདའ་ཞིག་གཏོང་འཕེན་བྱས་ཏེ། འཇར་པན་གྱི་བར་སྣང་བརྒྱུད་དེ་འཕུར་བ་དང་། འཕུར་མདའ་དེ་དུས་ཚོད་ངེས་ཅན་ལ་འཕུར་རྗེས་དུམ་བུ་གསུམ་དུ་ཐོར་ནས། པེ་ཧེ་ཏའོ་ཤར་ངོས་ཀྱི་སྤྱི་ལེ་སྟོང་གཅིག་དང་བརྒྱ་ལྷག་གི་མཚམས་ཀྱི་ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་ཁོངས་སུ་ལྷུང་བ་རེད། འཇར་པན་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱིས་སོ་སོར་ཁྲའོ་ཞན་གྱིས་འཕུར་མདའ་གཏོང་འཕེན་ཚོད་ལྟ་བྱས་པར་ངོ་རྒོལ་དང་རྒོལ་གཏམ་བཏང་། ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་ཐེངས་འདིའི་གཏོང་འཕེན་བྱ་བར་དོ་སྣང་བྱེད་བཞིན་ཡོད། མཉམའ་བྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྲེལ་མྱུར་གྲོས་ཚོགས་བསྡུ་རྒྱུའི་འཆར་གཞི་ཡོད། མིག་སྔར་ཁྲའོ་ཞན་གསར་འགྱུར་ལས་རིགས་ཀྱིས་གནས་སྐབས་སུ་འཕུར་མདའ་གཏོང་འཕེན་བྱས་པའི་འབྲེལ་ཡོད་གནས་ཚུལ་བསྒྲགས་མེད།
ཀྲུང་གོའི་ཕྱི་འབྲེལ་པུའུ་ཡིས་བསྟན་དོན། མིག་སྔའི་གནས་བབ་འོག ཀྲུང་གོས་འབྲེལ་ཡོད་ཕྱོགས་སོ་སོས་ཕན་ཚུན་ལ་གནོད་པ་དང་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་འགྱུར་བའི་བྱ་བ་བསྒྲུབ་མི་རུང་བའི་སྐུལ་མ་བཏང་བ་དང་། ཕྱོགས་སོ་སོས་རང་ཚོད་བཟུང་སྟེ་མཉམ་དུ་ཕྱེད་གླིང་གི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན།