ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པས་ཨ་མེ་རི་ཁས་ཨུ་རུ་སི་ནས་གནས་སྤོར་སྡོད་དམངས་མ་ཡིན་པའི་ལམ་ཡིག་སྟེར་མཚམས་བཞག་པའི་བྱ་སྤྱོད་ལ་རྒོལ་ལན་སློག་པའི་བྱེད་ཐབས་སྤྱོད་མི་སྲིད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལིས་ཡཱ་པུའུ་ཁི་ཧྥུའུ་ཡིས་ཟླ་བརྒྱད་པའི་ཚེས་ཉེར་དགུའི་ཉིན་བཤད་རྒྱུར། ཨུ་རུ་སི་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་ཨུ་རུ་སི་ནས་གནས་སྤོར་སྡོད་དམངས་མ་ཡིན་པའི་ལམ་ཡིག་སྟེར་མཚམས་བཞག་ཀྱང་། ཨུ་རུ་སི་ཡིས་མིག་སྔར་རྒོལ་ལན་སློག་པའི་བྱེད་ཐབས་སྤྱོད་མི་སྲིད་ཟེར།

ལིས་ཡཱ་པུའུ་ཁི་ཧྥུའུ་ཡིས་ཉིན་དེར་ཧཱ་སག་སི་ཐན་གྱི་ཨ་སི་ཐཱ་ནཱ་ནས་བསྡུས་པའི་ཕཱ་ཀི་བོ་ཞེ་གྲོས་ཚོགས་སྐབས་རེ་གཉིས་པའི་སྟེང་བཤད་རྒྱུར། ཨ་མེ་རི་ཁའི་བྱ་སྤྱོད་དེ་ཨུ་རུ་སི་ཡིས་རྒོལ་ལན་སློག་པའི་བྱེད་ཐབས་སྤྱོད་པའི་རྒྱུ་མཚན་དུ་འགྱུར་མི་རུང་ལ། ཨུ་རུ་སི་ཡིས་ཨ་མེ་རི་ཁའི་མི་ལ་ལམ་ཡིག་སྟེར་བའི་བྱ་བར་བཀག་སྡོམ་བྱེད་མི་སྲིད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།