དབྱི་ལིང་གི་རྒྱལ་སྲུང་བློན་ཆེན་གྱིས་དབྱི་ལིང་གིས་མུ་མཐུད་དུ་འཕུར་མདའི་ལག་རྩལ་འཕེལ་རྒྱས་སུ་གཏོང་རྒྱུའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་རྒྱལ་སྲུང་བློན་ཆེན་ཧཱ་ཐཱ་མུས་ཀྱིས་ཚེས་ཉེར་དགུའི་ཉིན་བསྟན་དོན། དབྱི་ལིང་གིས་མུ་མཐུད་དུ་འཕུར་མདའི་ལག་རྩལ་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཟེར།

ཧཱ་ཐཱ་མུས་ཀྱིས་བཤད་རྒྱུར། མིག་སྔར་དབྱི་ལིང་གི་འཕུར་མདའི་ལག་རྩལ་ཐད་ཀྱི་སྦས་ཤུགས་ལ་ཕྱོགས་ཀུན་ཡིད་ཚིམས་ཡོད་པ་དང་། དབྱི་ལིང་གི་འགོག་སྲུང་ནུས་པ་དེ་དགྲ་བོ་ལས་རྗེས་སུ་ལུས་མི་སྲིད་ཟེར།

ཧཱ་ཐཱ་མུས་ཀྱིས་བཤད་རྒྱུར། ཨུ་རུ་སི་ནས་ཉོས་པའིS-300རྟགས་ཅན་གྱི་འཕུར་མདའི་མ་ལག་ཚང་མ་སྒྲིག་སྦྱོར་ཡོངས་འགྲུབ་བྱས་ཡོད། དབྱི་ལིང་རྒྱལ་ནང་ནས་གསར་གཏོད་བྱས་པའི་པཱ་ཝ་ཨར-373རྟགས་ཅན་གྱི་འཕུར་མདའི་མ་ལག་ཀྱང་བེད་སྤྱོད་གཏོང་མགོ་བརྩམས་ཡོད་ཟེར།

དུས་ཡུན་རིང་བོར། ཨ་མེ་རི་ཁས་དབྱི་ལིང་གིས་འཕུར་མདའ་འཕེལ་རྒྱས་སུ་གཏོང་བར་ཁ་གཡར་ནས་སྔ་གཞུག་ཏུ་དབྱི་ལིང་ལ་བཀག་སྡོམ་བྱེད་ཐབས་མང་དུ་བཏོན། དབྱི་ལིང་གིས་ནམ་རྒྱུན་འཕུར་མདའི་ལག་རྩལ་འཕེལ་རྒྱས་སུ་གཏོང་བ་ནི་གཞན་གྱིས་འཕྲོག་ཐབས་མེད་པའི་ཁེ་དབང་ཡིན་པ་ནན་བཤད་བྱས་མྱོང་།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།