ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་གིས་ཐད་ཀར་དུ་རྒྱལ་ཁབ་གསང་འཕྲིན་ལས་ཁུངས་ལ་དོ་དམ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་སྲིད་གཞུང་གིས་ཚེས་ཉེར་ལྔ་ཉིན་སྲིད་འཛིན་བཀའ་རྒྱ་ཞིག་བཏང་སྟེ། ནེ་ཀིའི་ཙུང་ལིའི་དབང་འོག་ཏུ་གཏོགས་པའི་རྒྱལ་ཁབ་གསང་འཕྲིན་ལས་ཁུངས་དེར་ཙུང་ཐུང་གིས་ཐད་ཀར་དུ་དོ་དམ་བྱེད་རྒྱུ་ཁྱབ་སྒྲོག་བྱས། གླེང་ཕྱོགས་ཀྱིས་བལྟས་ན། དེ་ནི་ཐུར་ཁེ་རྒྱལ་ཁབ་ཙུང་ཐུང་ལམ་ལུགས་དུ་བགྲོད་པའི་གོ་རིམ་གལ་ཆེན་ཞིག་ཡིན་པར་འདོད།

སྲིད་འཛིན་བཀའ་རྒྱ་དེར་གཞིགས་ན། ཐུར་ཁེའི་ཙུང་ཐུང་གིས་རྒྱལ་ཁབ་གསང་འཕྲིན་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་ཏེ། ཐད་ཀར་དུ་རྒྱལ་ཁབ་གསང་འཕྲིན་ལས་ཁུངས་ཀྱི་རྒྱལ་ཁབ་ཕྱི་ནང་གི་བྱ་འགུལ་སྣ་ཚོགས་ལ་དོ་དམ་བྱེད་རྒྱུ་རེད།

དེ་ལས་གཞན་རྒྱལ་ཁབ་གསང་འཕྲིན་ལས་ཁུངས་ལ་དམག་དཔུང་དང་རྒྱལ་སྲུང་སྡེ་ཁག་ལ་རྟོག་ཞིབ་བྱེད་པའི་དབང་ཆ་བསྩལ་པ་རེད། སྔོན་ཆད་དབང་ཆ་དེ་དམག་ཕྱོགས་ལ་གཏོགས།

སྲིད་འཛིན་བཀའ་རྒྱ་ལས་ད་རུང་རྒྱལ་ཁབ་གསང་འཕྲིན་ལས་ཁུངས་ཀྱི་འགན་ཁུར་བའི་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་པ་དང་། ཞིབ་དཔྱོད་དཔོན་པོས་རྟོག་ཞིབ་བྱ་བ་མ་སྤེལ་གོང་། ངེས་པར་དུ་ཙུང་ཐུང་གི་ཆོག་མཆན་ཐོབ་དགོས་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།