ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་གིས་ཨ་མེ་རི་ཁའི་ཙུང་ཐུང་ལ་འཕྲིན་ཡིག་བསྐུར་ནས་གྲོས་མོལ་བྱེད་རྒྱུའི་རེ་བ་འདོན་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཚེས་ཉེར་གཉིས་ཉིན་བསྟན་དོན། ཁོས་ཉེ་སྔོན་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་འཕྲིན་ཡིག་བསྐུར་ཏེ་གྲོས་མོལ་བྱེད་རྒྱུའི་རེ་བ་འདོན་རྒྱུ་ཡིན་ཟེར།

མཱ་ཏུའུ་ལོ་ཡིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་ཝེ་ནེ་ཙུའེ་ལཱར་དམག་དོན་ཐེ་གཏོགས་བྱེད་པའི་འཇིགས་སྐུལ་རྗེས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཧ་ཅང་ཉམ་ཐག་པའི་གནས་སུ་ལྷུང་། ཁོས་ཐི་ལིང་ཕུའུ་ཡིས་ཁོའི་འཕྲིན་ཡིག་ནན་ཏན་གྱིས་ཀློག་པར་རེ་བ་བྱས་ཡོད་པ་དང་། གྲོས་མོལ་ལ་བརྟེན་ནས་གནས་ཚུལ་ཇེ་བཟང་དུ་འགྲོ་བའི་རེ་་བ་བཅངས་ཡོད་ཟེར།

མཱ་ཏུའུ་ལོ་ཡིས་བསྟན་དོན། ཨ་མེ་རི་ཁས་མིག་སྔར་ཉོ་ཚོང་དང་རྡོ་སྣུམ། དངུལ་ལོར་བཅས་ཀྱི་ཐད་ནས་ཝེ་ནེ་ཙུའེ་ལཱ་ལ་བཀག་སྡོམ་བྱེད་བཞིན་ཡོད་པ་དང་། དེས་ཝེ་ནེ་ཙུའེ་ལཱ་རྒྱལ་ནང་གི་དཔལ་འབྱོར་སྔར་ལས་ཇེ་སྡུག་ཏུ་སོང་ཡོད། ཁོས་བསྟན་དོན། ཨ་མེ་རི་ཁའི་མཇུག་མཐའི་དམིགས་ཡུལ་ནི་དམག་དོན་ལ་བརྟེན་ནས་ཝེ་ནེ་ཙུའེ་ལཱ་བཙན་བཟུང་བྱས་ནས་ཐོན་ཁུངས་འཕྲོག་རྩིས་རེད་ཟེར།

མཱ་ཏུའུ་ལོ་ཡིས་བསྐྱར་སྒྲོག་བྱས་དོན། ཨ་མེ་རི་ཁའི་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་སྟེང་འབྲེལ་བ་རྒྱུན་ལྡན་དུ་གཏོང་འདོད་ཡོད་པ་དང་། གྲོས་མོལ་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་མཉམ་ལས་ལ་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར།

ཐི་ལིང་ཕུའུ་ཡིས་ཟླ་འདིའི་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱའི་མིག་སྔའི་གནས་བབ་ཐག་གཅོད་བྱེད་པའི་ཐད་གདམ་གསེས་མང་བོ་ཡོད་ལ། དམག་དོན་འགུལ་སྐྱོད་མི་སྤེལ་བའི་ངེས་པ་མེད་ཟེར། མཱ་ཏུའུ་ལོ་ཡིས་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བདུན་ཉིན་བར་དམག་དམངས་མཉམ་འབྲེལ་གྱི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་ཏེ། ཨ་མེ་རི་ཁའི་འཐབ་འཁྲུག་གི་འཇིགས་ཉེན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།