ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁ་དང་ཨུ་རུ་སིའི་འཐུས་མིའི་གྲོས་མོལ་དེ་ཝུའུ་ཁི་ལན་གནད་དོན་གྱི་ཐག་གཅོད་འཕེ་རིམ་ལ་ཡར་སྐུལ་གཏོང་བར་ཕན་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁི་ལེ་མུའུ་ཅིན་གྱིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་དང་ཨུ་རུ་སིའི་འཐུས་མིས་ཚེས་ཉེར་གཅིག་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་བསྡུས་པའི་གྲོས་མོལ་དེ་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་ཡར་སྐུལ་གཏོང་བར་ཕན་ཐོགས་ཡོད་ཟེར།

གསལ་སྒྲོག་ལས་ཨ་མེ་རི་ཁའི་སྲིད་གཞུང་གི་ཝུའུ་ཁི་ལན་གནད་དོན་གྱི་དམིགས་བསལ་འཐུས་མི་བོ་ཨར་ཁི་ཡིས་ཨུ་རུ་སིའི་ཙུང་ཐུང་གི་ལས་རོགས་པ་སུའུ་་ཨར་ཁི་ཧྥུའུ་གཉིས་ཀྱིས་ཚེས་ཉེར་གཅིག་ཉིན་གྲོས་མོལ་བྱས་པའི་བྱེ་བྲག་གི་མཇུག་འབྲས་གླེང་མེད། ཁི་ལེ་མུའུ་ཅིན་གྱིས་བཤད་རྒྱུར། བོ་ཨར་ཁི་ཡིས་ཚེས་གསུམ་ཉིན་གསུམ་ལི་ཐའོ་ཝན་དུ་འཚམས་འདྲི་བྱས་རྗེས་ཝུའུ་ཁི་ལན་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཝུའུ་ཁི་ལན་ཕྱོགས་ལ་ཨ་མེ་རི་ཁ་དང་ཨུ་རུ་སིའི་འཐུས་མིའི་གྲོས་མོལ་གྱི་ནང་དོན་བསྒྲག་རྒྱུ་རེད།

བོ་ཨར་ཁི་དང་སུའུ་ཨར་ཁི་ཧྥུའུ་གཉིས་ཀྱིས་ཚེས་ཉེར་གཅིག་ཉིན་མེན་སི་ཁི་ནས་དུས་ཚོད་གསུམ་རིང་གསང་བའི་གྲོས་མོལ་བྱས་པ་དང་། ཝུའུ་ཁི་ལན་གྱི་ཉམས་ཉེན་དང་མེན་སི་ཁིའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དངོས་འབེབ་བྱེད་པ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཝུའུ་ཁི་ལན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། བོ་ཨར་ཁི་ཡིས་ད་ལོའི་ཟླ་བདུན་པར་ཨ་མེ་རི་ཁའི་སྲིད་གཞུང་གི་ཝུའུ་ཁི་ལན་གནད་དོན་གྱི་འཐུས་མིའི་འགན་ཁུར་རྗེས་ཝུའུ་ཁི་ལན་ལ་འཚམས་འདྲི་ཐེངས་གཉིས་བྱས་པ་དང་། ཝུའུ་ཁི་ལན་གྱི་ཤར་ཕྱོགས་ས་ཁུལ་དུ་འཚམས་འདྲི་བྱས་པར་མ་ཟད། ཁོའི་བྱ་འགུལ་རབ་དང་རིམ་པ་ལས་ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པར་བརྩོན་པ་བྱེད་བཞིན་པ་མཚོན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།