ཀྲུང་གོ་བོད་ཀྱི་དྲ་བ།

ཨ་པཱ་སི་ཡིས་དབྱི་སི་རལ་གྱི་ཞི་བདེའི་སྟོབས་ཤུགས་ཀྱི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་ཁྲོད་ཀྱི་ནུས་པ་གལ་ཆེན་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་ཉི་ཤུའི་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས་དབྱི་སི་རལ་གྱི་ལེ་མཱེ་ལོས་ཚི་ཏང་གི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱེད་སྐབས་དབྱི་སི་རལ་གལྱི་ཞི་བདེའི་སྟོབས་ཤུགས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་ཁྲོད་ཀྱི་ནུས་པ་གལ་ཆེན་ནན་བཤད་བྱས།

མཱེ་ལོས་ཚི་ཏང་གི་མགོ་ཁྲིད་པ་ཅཱ་ལུང་གིས་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཞི་བདེའི་གྲོགས་པོ་ཡིན་པའི་ཆ་ནས། ང་ཚོས་ཕཱ་ལེ་སི་ཐན་གྱི་མགོ་ཁྲིད་པའི་བར་ལྟ་བའི་ཁྱད་པར་མེད་པ་དང་། བཙན་བཟུང་མཇུག་སྒྲིལ་ནས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་རྒྱལ་མཚམས་རྨང་གཞིར་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་པར་དགོས་གལ་ཆེ་བར་བསམ་ཡོད་ཟེར།

མཱེ་ལོས་ཚི་ཏང་ནི་དབྱི་སི་རལ་གྱི་གཡོན་ཕྱོགས་སྲིད་ཏང་ཡིན་པ་དང་། གཙོ་བོ་ཕཱ་ལེ་སི་ཐན་བར་ཞི་བདེ་མཉམ་གནས་བྱེད་པ་དང་། འགྲོ་མིའི་ཐོབ་ཐང་དང་། ཆོས་ལུགས་རང་དབང་། ཁོར་ཡུག་སྲུང་སྐྱོབ་སོགས་གནད་དོན་ལ་དོ་སྣང་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།