ཀྲུང་གོ་བོད་ཀྱི་དྲ་བ།

རུ་ཝང་ཏཱ་ཡི་བསྟུད་འགན་ཁུར་བའི་ཙུང་ཐུང་ཁཱ་ཅཱ་མཱེ་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བདེ་བླག་ངང་བསྟུད་འགན་ཁུར་བའི་རུ་ཝང་ཏཱའི་ཙུང་ཐུང་ཁཱ་ཅཱ་མཱེ་ཡིས་ཚེས་བཅོ་བརྒྱད་ཉིན་རྒྱལ་ས་ཅི་ཅཱ་ལེ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ལས་འགན་ཁུར་བའི་མཛད་སྒོའི་སྟེང་ཁཱ་ཅཱ་མཱེ་ཡིས་དབུ་བཞུགས་ཁྲིམས་དཔོན་ལུའུ་ཀི་ཀི་ཡི་མདུན་ནས་དམ་བཅའ་བཞག་པ་དང་། དེའི་རྗེས་སུ་དམག་གཟིགས་མཛད་སྒོའི་སྟེང་དམག་དཔུང་ལ་རྟོག་ཞིབ་བྱས།

ཁཱ་ཅཱ་མཱེ་ཡིས་ལས་འགན་ཁུར་བའི་གཏམ་བཤད་སྤེལ་ཏེ། གཅིག་སྟོང་དགུ་བརྒྱ་གོ་བཞི་ལོའི་དམར་གསོད་ཆེན་མོ་མཇུག་སྒྲིལ་བའི་ཚུན་ལ། རུ་ཝང་ཏཱའི་མི་དམངས་ཀྱིས་མཐུན་སྒྲིལ་བྱས་པ་དང་། ཕན་ཚུན་བརྩི་འཇོག་བྱས་ནས་སྤྱི་ཚོགས་ཀྱི་འབྲེལ་བ་སླར་གསོ་བྱས་ཡོད་ཟེར།

ཁཱ་ཅཱ་མཱེ་ཡིས་ད་རུང་བཤད་རྒྱུར། འཛམ་གླིང་སྟེང་དུ་རྒྱལ་ཁབ་ཀྱི་འཕེལ་རྒྱས་རྣམ་པ་གཅིག་ལས་མེད་པ་མ་ཡིན་པས། རྒྱལ་ཁབ་གང་རུང་གི་རྒྱལ་ཁ་དེས་ངོ་བོའི་སྟེང་ནས་རང་བདག་འཕེལ་རྒྱས་རྨང་གཞིར་བྱེད་དགོས། རུ་ཝང་ཏཱ་ཡིས་མུ་མཐུད་དུ་གྲོགས་པོ་གཞན་པའི་བར་མཉམ་ལས་འབྲེལ་བ་བཟང་བོ་འཛུགས་པ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཟེར།

ཁུན་ནེ་ཡཱ་དང་ཝུ་ཀན་ཏཱ། ཨེ་ཙེ་ཨོ་ཕི་ཡཱ། སེ་ནེ་ཀལ། ཀ་ཕིན། སུའུ་ཏན་ལྷོ་མ། སུའུ་ཏན་སོགས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་མང་བོའི་མགོ་གཙོ་ཉིན་དེའི་ལས་འགན་ཁུར་བའི་མཛད་སྒོར་ཞུགས། རྒྱལ་ཁབ་མང་བོ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མིའང་ལས་འགན་ཁུར་བའི་མཛད་སྒོར་ཞུགས།

རུ་ཝང་ཏཱ་ཡིས་ཚེས་བཞིའི་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། ཁཱ་ཅཱ་མཱེ་ལ་བརྒྱ་ཆའི་གོ་བརྒྱད་ལྷག་གི་འདེམ་ཤོག་ཐོབ་སྟེ་བསྟུད་འགན་ཁུར་བའི་གོ་སྐབས་ཐོབ་པ་རེད། ཁོའི་འགན་ཡུན་ནི་ཉིས་སྟོང་ཉེར་བཞི་ལོའི་བར་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།