ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཨ་མེ་རི་ཁས་ཆོས་ལུགས་རང་དབང་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་པར་ཐེ་གཏོགས་བྱས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་བདུན་ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིས་སྟོང་བཅུ་དྲུག་ལོའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་སྙན་ཞུ་སྤེལ་བར་རྒོལ་གཏམ་བཏང་བ་དང་། དེ་ནི་ཁྲའོ་ཞན་ལ་བརྙས་དམོས་དང་དཀྲུག་འཕེན་བྱས་པར་འདོད་ཡོད།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཉིན་དེར་བསྟན་དོན། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་སྙན་ཞུའི་ཁྲོད་རྒྱལ་ཁབ་སོ་སོའི་ཆོས་ལུགས་གནས་ཚུལ་ལ་སྐྱོན་བརྗོད་བྱས་པ་ནི་རྒྱལ་ཁབ་དེ་དག་ལ་བཙན་འཛུལ་དང་བདག་དབང་ལ་ཐེ་གཏོགས་བྱེད་པར་ཁ་གཡོར་ས་ཙམ་བཙལ་བ་ཡིན་པས། རྒྱལ་ཁབ་མང་བོས་དེར་རྒོལ་གཏམ་བཏང་ནས་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

མགྲིན་ཚབ་པ་དེས་བཤད་རྒྱུར། ཁྲའོ་ཞན་དང་ཨ་མེ་རི་ཁའི་གནས་བབ་སྔར་ལས་ཛ་དྲག་ཏུ་གྱུར་བའི་གནས་ཚུལ་འོག ཨ་མེ་རི་ཁས་ཆོས་ལུགས་གནད་དོན་ཐད་ནས་ཁྲའོ་ཞན་ལ་དཀྲུག་འཕེན་བྱས་པར་འགན་ཁུར་དགོས། ཨ་མེ་རི་ཁས་མྱུར་མོར་ང་རྒྱལ་དང་གུས་མེད་ཀྱི་དཀྲུག་འཕེན་དང་ཕྱོགས་གཅིག་གི་བཙན་ཤེད་ཀྱི་བྱ་སྤྱོད་དེ་མཚམས་འཇོག་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།