ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་ནས་ས་ཁུལ་གྱི་གནད་དོན་དང་ཐུན་མོང་གི་འགྲན་རྩོད་ལ་དོ་སྣང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་རབ་དང་རིམ་པ་ཟླ་འདིའི་ཚེས་གཉིས་ཉིན་ནས་ཚེས་བརྒྱད་ཉིན་ཧྥེ་ལེ་པེན་གྱི་རྒྱལ་ས་མཱ་ནེ་ལཱ་ནས་སྤེལ་བ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུའི་འཐུས་མིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ། འཇར་པན། ཧན་གོ་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས། ཨེ་ཤ་ཡཱ་ཤར་ལྷོའི་མཐོ་རིམ་གྲོས་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ས་ཁུལ་གླེང་སྟེགས་སོགས་གྲོས་ཚོགས་མང་བོ་ནས། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་གཞན་པའི་འཐུས་མི་དང་མཉམ་དུ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས། ཐུན་མོང་གི་འགྲན་རྩོད་སོགས་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། འགལ་བ་དྲག་པོ་ཡོད་པར་མ་ཟད་ཐུན་མོང་གི་ལྟ་ཚུལ་ཡང་རེ་འགའ་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།