ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུའི་རྒྱང་ཤར་གྲོང་ཁྱེར་གྱིས་རྒྱལ་ཁབ་18ཀྱི་སྤྱི་དམངས་ལ་གློག་རྡུལ་ཐོངས་མཆན་འགོད་པའི་ལམ་ལུགས་ལག་ལེན་བསྟར་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སུའི་རྒྱང་ཤར་ས་ཁུལ་ཕུའུ་ལ་ཏི་ཝོ་སི་ཐུ་ཁེ་རང་མོས་གྲུ་ཁའི་ས་ཁོངས་ཀྱིས་ཟླ་8ཚེས་1ཉིན་ནས་བཟུང་ཀྲུང་གོའི་སྤྱི་དམངས་ཚུད་པའི་རྒྱལ་ཁབ་18ཀྱི་སྤྱི་དམངས་ལ་གློག་རྡུལ་ཐོངས་མཆན་འགོད་པའི་ལམ་ལུགས་ལག་ལེན་བསྟར་བ་རེད།

ཚེས་1ཉིན་ཨུ་རུ་སུ་རྒྱང་ཤར་འཕེལ་རྒྱས་པུས་སྤྱི་བསྒྲགས་སྤེལ་ནས་རྒྱང་ཤར་ས་ཁུལ་འདི་ཉིད་ཨུ་རུ་སུས་གློག་རྡུལ་མཐོངས་མཆན་འགོད་པའི་ས་ཁུལ་དུ་དང་པོར་གྱུར་པ་དང་ཟླ་8ཚེས་1ཉིན་ནས་བཟུང་ཀྲུང་གོ་དང་། ཁྲའོ་ཞན། རི་པིན། དབྱི་རན། ཐུར་ཁེ་སོགས་རྒྱལ་ཁབ་18ཀྱི་སྤྱི་དམངས་ཀྱིས་གློག་རྡུལ་ཐོངས་མཆན་འཁྱེར་ནས་ཕུའུ་ལ་ཏི་ཝོ་སི་ཐུ་ཁེ་རང་མོས་གྲུ་ཁའི་ས་ཁོངས་སུ་ཉིན་8སྡོད་ཆོག་གི་ཡོད་ཅེས་བཤད་པ་རེད།  །


རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།