ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་རེ་འབོད་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕྱི་ཕྱོགས་སྨྱན་བྱད་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ས་དེའི་ཚེས་ཉེར་གཅིག་ཉིན་ཕ་ལེ་སི་ཐན་པ་དང་དབྱི་སི་རལ་གྱི་དམག་དཔུང་བར་གདོང་གཏུག་བྱུང་སྟེ་ཉུང་མཐར་ཡང་ཕ་ལེ་སི་ཐན་པ་གསུམ་རྐྱེན་ལམ་དུ་ཤོར་རྗེས། ཡེ་ལུའུ་ས་ལུན་མཁར་རྙིང་དུ་ཚེས་ཉེར་གཉིས་ཉིན་ཡང་བསྐྱར་གདོང་གཏུག་བྱུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཉེ་ལམ་བྱུང་བའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་བཞི་ཉིན་བྲེལ་མྱུར་ཚོགས་འདུ་བསྡུ་རྒྱུ་རེད།

ཧྥ་རན་སི་གསར་འགྱུར་ཁང་གིས་ཕ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡི་སྐད་ཆ་དྲངས་ཏེ་བཤད་རྒྱུར། ཕ་ལེ་སི་ཐན་གྱི་ལོ་བཅུ་བདུན་ཡིན་པའི་ན་གཞོན་ཞིག་ཚེས་ཉེར་གཉིས་ཉིན་དབྱི་སི་རལ་གྱི་དམག་དཔུང་དང་གདོང་གཏུག་བྱུང་སྐབས་མེ་མདའ་ཕོག་ནས་རྐྱེན་ལམ་དུ་ཤོར་ཟེར།

ཕ་ལེ་སི་ཐན་པ་གསུམ་ཚེས་ཉེར་གཅིག་ཉིན་དབྱི་སི་རལ་གྱི་དམག་དཔུང་དང་གདོང་གཏུག་བྱུང་སྐབས་རྐྱེན་ལམ་དུ་ཤོར། ཉིན་དེར་ཕ་ལེ་སི་ཐན་པ་གཅིག་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་ཡོད་པའི་ཧ་ལ་མུས་ཧྲིའི་ཁྱིམ་ཚང་ཞིག་ཏུ་སོང་སྟེ་ཁྱིམ་མི་ཡོངས་ལ་གྲིས་གཙགས་ནས་མི་གསུམ་བསད་པ་དང་མི་གཅིག་རྨས།

དབྱི་སི་རལ་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོ་ནས་ཚེས་ཉེར་གཉིས་ཉིན་གྱི་ཞོགས་པའི་བར་འཇབ་རྒོལ་བྱེད་པའི་ཕ་ལེ་སི་ཐན་པའི་སྡོད་སར་བར་སྣང་ནས་འཇབ་རྒོལ་བྱས། དབྱི་སི་རལ་དམག་ཕྱོགས་ཀྱི་མགྲིན་ཚབ་པས་བཤད་རྒྱུར། ཕ་ལེ་སི་ཐན་པ་དེའི་སྤུན་ཆུང་འཛིན་བཟུང་བྱས་པ་དང་མཚོན་ཆ་ཚང་མ་གཞུང་བསྡུ་བྱས། འཇབ་རྒོལ་བྱེད་པའི་ཕ་ལེ་སི་ཐན་པ་དེ་འཇབ་རྒོལ་ཁྲོད་དུ་རྨས་པ་དང་། དབྱི་སི་རལ་དམག་དཔུང་གིས་ཕ་ལེ་སི་ཐན་པ་སྡོད་པའི་སྡེ་བ་བཀག་སྡོམ་བྱས་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཧྥ་རན་སི་དང་སུའེ་ཙེར། ཨེ་ཅིབ་བཅས་ཀྱིས་ཚེས་ཉེར་གཉིས་ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཡེ་ལུའུ་ས་ལུན་གྱི་དྲག་ཤུགས་རིམ་འཕར་ལ་དམིགས་ཏེ་བྲེལ་མྱུར་གྲོས་ཚོགས་བསྡུ་དགོས་པའི་རེ་འབོད་བཏོན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།