ཀྲུང་གོ་བོད་ཀྱི་དྲ་བ།

ཁ་ན་ཏའི་ཙུང་ཏུའུ་ཡོ་ཧན་སི་ཏུང་གིས་ཁ་ན་ཏ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་ནི་གསོན་ཤུགས་ལྡན་པའི་མཉམ་ལས་དྲ་རྒྱ་ཡིན་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁ་ན་ཏའི་ཙུང་ཏུའུ་ཡོ་ཧན་སི་ཏུང་གིས་ཀྲུང་གོར་འཚམས་འདྲི་བྱས་པ་མཇུག་རྫོགས་སྐབས་ཁ་ན་ཏ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་ནི་གསོན་ཤུགས་ལྡན་ཞིང་མཉམ་ལས་བྱེད་བདེ་བའི་འབྲེལ་མཐུད་དང་འཕེལ་རྒྱས་ཀྱི་དྲ་རྒྱ་ཡིན་ཞེས་བཤད།

ཡོ་ཧན་སི་ཏུང་སོགས་ཀྱིས་ཟླ་བདུན་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་བཞི་ཉིན་བར་ཀྲུང་གོར་འཚམས་འདྲི་བྱས་པ་ཡིན་ལ། སྔ་གཞུག་ཏུ་ཁྲུན་ཆིན་དང་ཀོས་ཡང་། པེ་ཅིན་བཅས་ལ་འཚམས་འདྲི་བྱས། ཡོ་ཧན་སི་ཏུང་གིས་བཤད་རྒྱུར། ཀྲུང་གོར་འཚམས་འདྲི་བྱེད་སྐབས་རང་གིས་ཁ་ན་ཏ་དང་ཀྲུང་གོ་བར་གྱི་འབྲེལ་བའི་སྐོར་གྱི་ཁྱབ་ཁོངས་སོ་སོའི་མི་སྒེར་དང་ལས་ཁུངས་ལ་ཐུག་འཕྲད་བྱས་ནས། ཕྱོགས་གཉིས་ཀྱི་མཉམ་ལས་ཅི་ལྟར་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་བ་དང་། གོ་སྐབས་དང་གྲུབ་འབྲས་སྔར་ལས་མང་པོ་ཐོབ་ཡོད་ཟེར།

ཁ་ན་ཏའི་ཙུང་ཏུའུ་བཞུགས་ཤག་གིས་འཚམས་འདྲི་མཇུག་རྫོགས་རྗེས་སྤེལ་བའི་གསར་འགྱུར་ནང་ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་ནི་མཉམ་ལས་ཀྱི་འབྲེལ་བ་གསར་བ་སྔོག་འདོན་བྱེད་པ་དང་། ཁ་ན་ཏ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་སློབ་གསོ་དང་ཞིབ་འཇུག གསར་གཏོད། རིག་གནས། ཞིང་ལས། ཟས་རིགས། གནས་སྐོར་སོགས་ཁབ་ཁོངས་མང་པོའི་འབྲེལ་འདྲིས་ཇེ་བརྟན་དུ་གཏོང་རྒྱུ་དེ་ཡིན་ལ། འཚམས་འདྲི་ལས་དམིགས་འབེན་དེ་དག་ཕན་སུམ་ཚོགས་པའི་ངང་ཡོངས་འགྲུབ་བྱས་པ་ཡིན་ཟེར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།