ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་སྟེ་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཏཱ་ཏན་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཚེས་གཉིས་ཉིན་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི་བཅུ་གསུམ་རྐྱེན་ལམ་དུ་ཤོར།

ཨུ་རུ་སིའི་འཕྲོད་བསྟེན་སྡེ་ཁག་གིས་བཤད་པ་ལྟར་ན། ཚེས་གཉིས་ཉིན་གྱི་ནམ་གུང་སཱ་མཱ་ལཱ་ནས་དབྱེ་རི་ཧྥུའུ་སི་ཁི་རུ་བགྲོད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཏཱ་ཏན་སི་ཐན་མངའ་ཁོངས་ཀྱི་ཀྲ་ཡུན་སི་ཁི་གྲོང་ཁྱེར་ཉེ་འདབས་ནས་དངོས་སྐྱེལ་རླངས་འཁོར་ཞིག་ལ་ཐོ་བརྒྱབ་པ་རེད། ཚོད་དཔག་བྱས་པ་ལྟར་ན་སྐབས་ཐོག་དེར་འགྲུལ་སྐྱེལ་རླངས་འཁོར་སྟེང་བསྡོམས་པས་མི་ཉེར་བརྒྱད་ཡོད། རླངས་འཁོར་གཉིས་ཐོ་བརྒྱབ་རྗེས་མེར་འབར་བ་རེད། འགྲུལ་སྐྱེལ་རླངས་འཁོར་སྟེང་གི་བྱིས་པ་གཉིས་དང་བཅས་པའི་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅོ་ལྔར་རྨས་ཕོག རྨས་མ་དག་སྨན་ཁང་དུ་བསྐྱལ་དུ་གསོ་བཅོས་བྱེད་བཞིན་ཡོད།

དོན་རྐྱེན་བྱུང་སྐབས་དངོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བར་རྨས་ཕོག་མེད་པ་དང་། མིག་སྔར་ཉེན་རྟོག་པས་འདྲི་གཅོད་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།