ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཐོག་དང་པོར་འཕེལ་རྒྱས་ལ་བརྟེན་ནས་འགྲོ་མིའི་ཐོབ་ཐང་ལ་ཡར་སྐུལ་གཏོང་བའི་གྲོས་ཆོད་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་གཉིས་ཉིན་ཀྲུང་གོས་བཏོན་པའི་འཕེལ་རྒྱས་ཀྱི་འགྲོ་མིའི་ཐོབ་ཐང་ལོངས་སུ་སྤྱོད་པའི་བྱས་རྗེས་ཞེས་པའི་གྲོས་ཆོད་ལ་གྲོས་མཐུན་བཀོད། དེ་ནི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ལོ་རྒྱུས་སྟེང་ཐོག་དང་པོར་འཕེལ་རྒྱས་གནད་དོན་ཐད་ནས་གྲོས་མཐུན་ཆོད་བཀོད་པ་རེད།

གྲོས་ཆོད་ལས་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་རེ་འདུན་ཡིན་པ་གསལ་བོར་བསྟན་པ་དང་། འཕེལ་རྒྱས་ཀྱི་འགྲོ་མིའི་ཐོབ་ཐང་ལོངས་སུ་སྤྱོད་པའི་བྱས་རྗེས་གལ་ཆེན་ལ་ཁས་ལེན་བྱས་པར་མ་ཟད། རྒྱལ་ཁབ་སོ་སོས་མི་དམངས་དཀྱིལ་སྙིང་དུ་བཟུང་བའི་འཕེལ་རྒྱས་མངོན་འགྱུར་བྱས་ཏེ། མི་དམངས་ཁྲོད་དུ་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཚོལ་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་ལ་ཡར་སྐུལ་བཏང་ནས་འཕེལ་རྒྱས་ལས་མི་དམངས་ལ་ཕན་བདེ་བསྐྲུན་དགོས་པའི་འབོད་སྐུལ་བཏང་།

གྲོས་ཆོད་ལས་རྒྱལ་ཁབ་སོ་སོས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཤུགས་ཆེན་པོས་རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ་དང་། ཁྱད་པར་དུ་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དངོས་འབེབ་བྱས་ནས་འགྲོ་མིའི་ཐོབ་ཐང་ཕྱོགས་ཡོངས་ནས་ལོངས་སུ་སྤྱོད་པར་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་། གྲོས་ཆོད་ལས་རྒྱལ་ཁབ་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདོད་བློ་བཏོན་ནས་གྲོགས་པོའི་འབྲེལ་བར་ཡར་སྐུལ་གཏོང་བ་དང་། མཉམ་ལས་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པར་དགའ་བསུ་ཞུས།

རྒྱུས་ལོན་བྱུང་བ་ལྟར་ན། གྲོས་ཆོད་དེར་རྒྱལ་ཁབ་བདུན་ཅུ་ལྷག་གིས་མཉམ་དུ་མིང་བཀོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།