ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གི་ཕྱོགས་ཁག་ལ་གྲོས་ཁང་གི་ལས་གནས་མང་ཆེ་བ་ཐོབ་པ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཚེས་བཅོ་བརྒྱད་ཉིན་བདེ་བླག་ངང་སྤེལ་བ་དང་། ཧྥ་རན་སིའི་ནང་སྲིད་པུའུ་ཡིས་བསྡོམས་རྩིས་བྱས་པའི་མཇུག་འབྲས་གསར་བ་ལྟར་ན། ཙུང་ཐུང་མཱ་ཁི་ལུང་གིས་མགོ་ཁྲིད་པའི་སྤྱི་མཐུན་རྒྱལ་ཁབ་ཀྱི་མདུན་སྐྱོད་ཏང་དང་ཧྥ་རན་སིའི་དམངས་གཙོ་ལས་འགུལ་ཏང་གི་མཉམ་འབྲེལ་ཕྱོགས་ཁག་ལ་རྒྱལ་དམངས་གྲོས་ཁང་གི་ལས་གནས་ལྔ་བརྒྱ་དང་དོན་བདུན་ཁྲོད་ཀྱི་ལས་གནས་སུམ་བརྒྱ་དང་ལྔ་བཅུ་ཐོབ་པ་དང་། ལས་གནས་ཆེས་མང་བོ་ཟིན་ཡོད། ཧྥ་རན་སིའི་གཡས་ཕྱོགས་སྤྱི་མཐུན་ཏང་དང་དེའི་མནའ་འབྲེལ་ལ་ལས་གནས་བརྒྱ་དང་སོ་བདུན་ཐོབ་ནས་ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་ཁག་ཏུ་གྱུར་བ་རེད། དེའི་སྔོན་སྲིད་བཟུང་བའི་གཡོན་ཕྱོགས་སྤྱི་ཚོགས་ཏང་ལ་ལས་གནས་ཉེར་དགུ་མ་གཏོགས་ཐོབ་མེད་པ་དང་། ཏང་ཁག་ཆུང་བར་གྱུར་ཡོད།

གཞི་གྲངས་ལྟར་ན། ཐེངས་འདིའི་གྲོས་ཁང་གི་འདེམ་བསྐོ་ལས་བརྒྱ་ཆའི་དོན་ལྔའི་གྲོས་མི་གསར་དུ་བདམས་པ་ཡིན་ལ། སྤྱི་ཚོགས་ལས་རིགས་སོ་སོའི་ཕུལ་བྱུང་མི་སྣ་འདུས་ཡོད་པ་དང་། བུད་མེད་གྲོས་མི་ཇེ་མང་དུ་སོང་བ་དང་ན་གཞོན་ཅན་དུ་འགྱུར་བའི་ཁྱད་ཆོས་མངོན་ཡོད།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།