ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཟླ་བདུན་པར་དཔལ་འབྱོར་གྲོགས་པོའི་གྲོས་ཆོད་འགོད་པའི་རེ་བ་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། འཇར་པན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་གྲོགས་པོའི་གྲོས་ཆོད་ཀྱི་གྲོས་མོལ་དེ་མིག་སྔར་ཆེས་མཇུག་མཐའི་དུས་རིམ་དུ་བསླེབ་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ཟླ་བདུན་པར་འཇར་མན་ནས་བསྡུ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་སུ་གཞི་རྩའི་གྲོས་མཐུན་འགོད་པར་རེ་བ་ཡོད་ཟེར།

འཇར་པན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་གྲོས་མོལ་དེ་ཉིས་སྟོང་བཅུ་གསུམ་ལོ་ནས་མགོ་བརྩམས་པ་དང་། སྒོ་ཁྲལ་དང་ཤེས་བྱའི་ཐོན་དབང་། གློག་རྡུལ་ཚོང་དོན་གྱི་ཉོ་ཚོང་སྒྲིག་སྲོལ་སོགས་ཁྱབ་ཁོངས་ཉེར་བདུན་ལ་འབྲེལ་ཡོད། ཕྱོགས་གཉིས་ཀྱིས་ཁེ་ལས་ཀྱི་དོ་དམ་དང་འགྲན་རྩོད་སྲིད་ཇུས་སོགས་ཁྱབ་ཁོངས་མང་བོ་ནས་གྲོས་མཐུན་བཀོད་ཡོད་པ་དང་། མིག་སྔའི་གྲོས་མོལ་གྱི་ནང་དོན་གཙོ་བོ་ནི་ཞིང་ལས་ཁྱབ་ཁོངས་ལ་འབྲེལ་ཡོད་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།