ཕོ་ལན་གྱི་ཙུང་ཐུང་གིས་ཀི་ལུའུ་ཅི་ཡཱ་བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཚམས་འདྲིར་ཡོང་བའི་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ཡིས་ཟླ་ལྔ་བའི་ཚེས་སུམ་ཅུའི་ཉིན་ཏིས་པུས་ལེ་སི་ནས་ཀི་ལུའུ་ཅི་ཡཱ་བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ཏུའུ་ཏཱ་ཡིས་ཉིན་དེར་ཀི་ལུའུ་ཅི་ཡཱའི་ཙུང་ཐུང་མཱ་ཨར་ཀེ་ཝེ་ལཱ་ཧྲི་ཝེ་ལེ་དང་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཀི་ལུའུ་ཅི་ཡཱ་ཡིས་ཐེངས་མང་བོར་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་ཆོད་སེམས་མཚོན་པར་བྱས་པ་དང་། རང་ཉིད་ཀྱིས་དེར་གཟེངས་བསྟོད་བྱེད་བཞིན་ཡོད། ངས་མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་ཀི་ལུའུ་ཅི་ཡཱ་བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཏུའུ་ཏཱ་ཡིས་ད་རུང་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉེ་སྔོན་ཀི་ལུའུ་ཅི་ཡཱའི་སྤྱི་དམངས་ལ་ལམ་ཡིག་མི་དགོས་པའི་ཐོབ་ཐང་སྟེར་བ་དེས་ཀི་ལུའུ་ཅི་ཡཱ་སྔར་ལས་ལྷག་པའི་སྒོ་ནས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གྲས་ཞུ་ཚུད་པར་ཡར་སྐུལ་བཏང་ཡོད་ཟེར།

མཱ་ཨར་ཀི་ཝེ་ལཱ་ཧྲི་ཝེ་ལེ་ཡིས་ཕོ་ལན་གྱིས་ཀི་ལུའུ་ཅི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཡར་སྐུལ་གཏོང་རྒྱུའི་ཚུལ་བསྟན།

གྲོས་མོལ་བྱས་རྗེས་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། བྱེད་ཐབས་སྤྱད་དེ་སྔར་ལས་ལྷག་པའི་སྒོ་ནས་ཀི་ལུའུ་ཅི་ཡཱ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཉམ་ལས་ལ་ཡར་སྐུལ་བཏང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ཡིས་ཚེས་སུམ་ཅུ་ཉིན་ནས་བཟུང་ཀི་ལུའུ་ཅི་ཡཱ་ལ་དུས་ཡུན་ཉིན་གསུམ་རིང་རྒྱལ་དོན་འཚམས་འདྲི་བྱེད་མགོ་བརྩམས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།