མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ"རྒྱུད་གཅིག་ལམ་གཅིག"གི་པར་རིས་འགྲེམས་སྟོན་བྱེད་འགོ་ཚུགས་པ།

༡༡.jpg

༢༢.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པེ་ཅིན་གྲོང་ཁྱེར་དུ་"རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་དབུ་འཛིན་གླེང་སྟེགས་འཚོག་གྲབས་ཡོད་པའི་སྐབས་འདིར། "རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དང་། གཉིས་རྒྱལ་འཕེལ་རྒྱས་མངོན་འགྱུར་བྱེད། — "རྒྱུད་གཅིག་ལམ་གཅིག་གི་པར་རིས་འགྲེམ་སྟོན"ཞེས་པ་ཟླ5ཚེས8ཉིན་ཨ་རིའི་ཉིའུ་ཡོག་གྲོང་ཁྱེར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་འགོ་ཚུགས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྱི་ཀྲུང་གོའི་འཐུས་མི་གཞུང་ཚབ་ཆེ་མོ་ལིའུ་ཅེ་དབྱི་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཆེ་གཞོན་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ། ཨུ་རུ་སུ། ཧ་སག་སི་ཐན། ལོ་སི། ཐེ་ལན། འཇར་མན། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ40ཡི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་སྡོད་འཐུས་མི་དང་། རྒྱལ་ཁབ་ཁག་གི་རྒྱུན་སྡོད་ཚོགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཁྲུའུ་ཡི་མི་སྣ་སོགས་མི300ལྷག་ཙམ་འགོ་ཚུགས་མཛད་སྒོར་ཕེབས་ཡོད་པ་རེད།

ཀྲུང་གོའི་གཞུང་ཚབ་ཆེ་མོ་ལིའུ་ལགས་ཀྱིས། "རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་དབུ་འཛིན་གླེང་སྟེགས་གྲ་སྒྲིག་གི་གནས་ཚུལ་མཚམས་སྦྱོར་གནང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གླེང་སྟེགས་སུ་ཞུགས་རྒྱུ་མ་ཟད་དབུ་ཁྲིད་པའི་ཟླུམ་ཅོག་དབུ་ཚོགས་གཙོ་སྐྱོང་གནང་རྒྱུ་ཡིན་ཚུལ་བསྟན་པ་དང་། གླེང་སྟེགས་སུ་འཛམ་གླིང་གི་དཔོན་རིགས་དང་། ཚོང་པ། མཁས་པ་སོགས་ལས་རིགས་ཁག་གི་མི་སྣ་མཉམ་དུ་འཛོམས་ཏེ"རྒྱུད་གཅིག་ལམ་གཅིག"གི་མཉམ་ལས་ལ་ཐབས་འདོན་ཇུས་འབུལ་དང་། འཛམ་གླིང་གི་དཔལ་འབྱོར་ལ་འཕྲད་པའི་དཀའ་ངལ་སེལ་བའི་ཇུས་གཞི་འཚོལ་རྒྱུ་ཡིན་པ་རེད།

༣༣.jpg

༤༤.jpg

ཐེངས་འདིའི་པར་རིས་འགྲེམས་སྟོན་བྱེད་ཡུན་ནི་གཟའ་འཁོར་གཅིག་ཡིན་ཞིང་། འགྲེམས་སྟོན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུང་གོའི་རྒྱུན་སྡོད་འཐུས་མི་ཚོགས་པ་དང་། ཤིན་ཧྭ་གསར་འགྱུར་ཁང་བྱང་ཨ་མེ་རི་ཁའི་སྤྱི་ཁྱབ་ཡན་ལག་གསར་འགྱུར་ཁང་གཉིས་ཀྱིས་མཉམ་དུ་གཉེར་བ་རེད། འགྲེམས་སྟོན་དུ་སྲིད་ཇུས་སྤེལ་རེས་དང་། སྒྲིག་བཀོད་མཉམ་སྦྲེལ། ཉོ་འཚོང་ལམ་ལྷོངས། དངུལ་རྩ་རྒྱུན་འཁོར། དམངས་སེམས་གཅིག་སྦྲེལ་བཅས་ཁག་ལྔ་བརྒྱུད་ནས"རྒྱུད་གཅིག་ལམ་གཅིག"གི་འཕེལ་རྒྱས་ལྟ་བ་དང་། དུས་རིམ་རང་བཞིན་གྱི་གྲུབ་འབྲས། ཕུགས་ཀྱི་དོན་སྙིང་བཅས་ཕྱོགས་ཡོངས་ནས་ངོམ་སྟོན་བྱས་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་དང་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་དཔོན་པོ་ཚོའི་ཁྲོད་དུ་བག་ཆགས་བཟང་པོ་ཞིག་བྱུང་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།