ཀྲུང་གོ་བོད་ཀྱི་དྲ་བ།

ཀེ་རི་སེའི་ཙུང་ཐུང་གིས\"རྒྱུད་གཅིག་ལམ་གཅིག\"གི་རྒྱལ་སྤྱིའི་མཉམ་ལས་དབུ་ཚོགས་གླེང་སྟེགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

         ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5ཚེས2ཉིན་ཀེ་རི་སེའི་ཙུང་ཐུང་ཕཱ་ཕུའུ་ལུའོ་ཕུའུ་ལུའོ་སིས་ཙུང་ཐུང་གཞུང་ལས་ཁང་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་པེ་ཅིང་དུ་འཚོག་རྒྱུའི"རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་དབུ་ཚོགས་གླེང་སྟེགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུས་པ་རེད།

         ཕཱ་ཕུའུ་ལུའོ་ཕུའུ་ལུའོ་སིས"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོ་དེ་གནའ་བོའི་ཀྲུང་གོའི་མཚན་ཉིད་རིག་པ་དང་གནའ་བོའི་དར་གོས་ལམ་བུ་ནས་གཞི་ཚུགས་པ་དང་དེ་ཉིད་ཀྱི་ཁྱད་ཆོས་ནི་ཞི་བདེའི་སྙིང་སྟོབས་དང་གཉིས་ཁེ་མཉམ་ལས་ཡིན། གྲོས་འགོ་དེ་དོན་འཁྱོལ་བྱས་པ་དེས་ལམ་རྒྱུད་རྒྱལ་ཁབ་ཁག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཚོང་དོན། དཔལ་འབྱོར་མཉམ་ལས་བཅས་ལ་སྐུལ་འདེད་ཆེན་པོ་ཐེབས་རྒྱུ་རེད། ཀེ་རི་སེའི་ངོས་ནས་བརྗོད་ན"དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ལམ་བུར"དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། གང་ཡིན་ཞེ་ན་པི་ལེ་ཨའེ་ཕུའུ་སི་གྲུ་ཁ་ནི་སུའུ་དབྱི་ཧྲེ་གཙང་པོ་བརྒལ་ནས་ཡོ་རོབ་ཏུ་སྐྱོད་སའི་གྲུ་ཁ་ཆེ་གྲས་དང་པོ་དེ་ཡིན་པས་ཡིན་ཞེས་བཤད།


         ཁོང་གིས་ཀྲུང་གོ་དང་ཀེ་རི་སེའི་དབར་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཡིན། ང་ཚོས་གྲོས་འགོ་དེར་སྤྲོ་སེམས་འཁོལ་པོས་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ་གསར་གཏོད་རང་བཞིན་གྱི་མཉམ་ལས་བྱེད་འདོད་ཡོད། ཀེ་རི་སེའི་ཙུང་ལི་ཆི་ཕུའུ་ལཱ་སི་པེ་ཅིང་གི་དབུ་ཚོགས་ནང་ཞུགས་རྒྱུ་ཡིན་པ་དེ་ཐོག་ནས་དོན་དེ་རང་སྤྲོད་ཐུབ་རྒྱུ་རེད་ཅེས་བཤད།


         ཁོང་གིས"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོ་དེ་རྒྱལ་ཁབ་ཁག་གི་མི་དམངས་དབར་གྱི་རིག་གནས་གླེང་མོལ་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་དང་ཕྱོགས་ཁག་གྲོས་འགོ་དེའི་ནང་ཞུགས་པ་དེ་ཐོག་ནས་རྒྱལ་ཁབ་ཁག་གི་མི་དམངས་དང་ཤེས་དཔལ་ཁག་དབར་གྱི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུའི་འདུན་པ་དྲག་པོ་མཚོན་ཡོད་ཅེས་བཤད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།