ཀྲུང་གོ་བོད་ཀྱི་དྲ་བ།

ཁོ་རེ་ཡ་ལྷོ་མའི་སྐབས19པའི་ཙུང་ཐུང་འདེམས་བསྐོ་ཡི་འདེམས་ཤོག་འཕེན་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ5ཚེས9ཉིན། ཁོ་རེ་ཡ་ལྷོ་མའི་སྐབས19པའི་ཙུང་ཐུང་འདེམས་བསྐོ་ཡི་འདེམས་ཤོག་དངོས་སུ་འཕེན་འགོ་ཚུགས་པ་རེད། ཁོ་རེ་ཡ་ལྷོ་མའི་འདེམས་དམངས་རྣམས་རྒྱལ་ཡོངས་ཀྱི་འདེམས་ཤོག་འཕེན་སའི་ས་ཚིགས་13964ནས་ཙུང་ཐུང་རྗེས་མར་འདེམས་ཤོག་འཕེན་ཆོག་པ་རེད།

ཐེངས་འདིའི་འདེམས་བསྐོ་ཡི་འདེམས་ཤོག་འཕེན་པའི་དུས་ཚོད་ནི་ས་གནས་དེ་གའི་དུས་ཚོད་ཚེས་9ཉིན་གྱི་སྔ་དྲོའི་ཆུ་ཚོད6:00(པེ་ཅིང་ཆུ་ཚོད5)ནས་ཆུ་ཚོད20:00(པེ་ཅིང་ཆུ་ཚོད19)བར་ཡིན་པ་དང་། འདེམས་དམངས་ཚོས་ངེས་པར་དུ་ཐོབ་ཐང་ལག་ཁྱེར་བཟུང་ནས་རང་ཉིད་སྡོད་ཁོངས་ཀྱི་དམིགས་བཙུགས་འདེམས་བསྐོ་བྱེད་ཁོངས་ནས་འདེམས་ཤོག་འཕེན་ཆོག་པ་རེད།
      1987ལོར་རྩ་ཁྲིམས་བཟོ་བཅོས་བྱས་པ་ལས་ཙུང་ཐུང་འདེམས་བསྐོ་ནི་དམངས་ཡོངས་ཀྱི་ཐད་འདེམས་བྱ་རྒྱུའི་ལམ་ལུགས་ལག་ལེན་བསྟར་བ་དང་། ཙུང་ཐུང་ནི་རྒྱལ་དམངས་ཀྱིས་ཐད་འདེམས་བྱས་ནས་བྱུང་བས། འགན་བཞེས་དུས་ཡུན་ནི་ལོ5ཡིན་ལ། མུ་མཐུད་ནས་ལས་འགན་ཁུར་མི་ཆོག་པ་རེད། 
     ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་ཟུར་པའི་འདེམས་བསྐོ་ནི2012ལོའི་ཟླ12པའི་ཚེས19ལ་བྱས་པ་དང་། དེ་ཡང་ཙུང་ཐུང་ཟུར་པ་ཕའེ་ཅིན་ཧུའེ་ལ་ནག་ཉེས་ཐེར་འདོན་གྱི་དབང་གིས་འགན་དབང་གནས་དབྱུང་བྱས་པས། ཐེངས་འདིའི་ཁོ་རེ་ཡ་ལྷོ་མའི་འདེམས་བསྐོ་ནི་སྔོན་མར་གཏན་འབེབས་བྱས་པའི་ཟླ12པ་ལས་སྔོན་དུ་བསྣུར་ཏེ་ཟླ5ཚེས9ལ་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།