ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གི་ཧང་ཀྲང་གིས་ཀྲུང་གོ་དང་མཉམ་ལས་བྱས་ནས“རྒྱུད་གཅིག་ལམ་གཅིག”འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ5ཚེས4ཉིན་ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གི་ཧང་ཀྲང་ཀྲུང་ཝེ་ཝུའུ་ཡན་གྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི“ཇུས་གཞི་ཡག་པོ་ཞིག”ཡིན། དེས་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་་མོ་དང་དེ་མ་ཟད་ས་ཁུལ་དེ་བས་རྒྱ་ཆེ་བ་སྦྲེལ་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ་ས་ཁོངས་ཀྱི་དཔལ་འབྱོར་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གིས་ཀྲུང་གོ་དང་མཉམ་ལས་བྱེད་འདོད་ཡོད་ཅེས་བརྗོད།

ཀྲུང་ཝེ་ཝུའུ་ཡན་གྱིས་ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཀྲུང་གོས་བཏོན་པའི་“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་རང་ངོས་འཕེལ་རྒྱས་གཏོང་བ་དང་རྒྱལ་སྤྱིའི་འཕེལ་ཕྱོགས་དང་མཐུན་པ་ཞིག་ཡིན། གནའ་བོའི་དར་གོས་ལམ་བུས་ཨེ་ཤེ་ཡ་ས་ཁུལ་ཡུག་གཅིག་ཏུ་སྦྲེལ་བ་དང་ཐ་ན་ཨེ་ཤེ་ཡ་དང་ཡོ་རོབ་དབར་གྱི་འབྲེལ་ཟམ་ལྟ་བུ་ཞིག་བཙུགས་ཡོད། དུས་སྐབས་གསར་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་གྲོས་འགོ་ཡག་པོ་ཞིག་ཡིན། ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གིས་ཀྲུང་གོ་དང་མཉམ་དུ་ས་ཁོངས་ཕན་ཚུན་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བའི་ཐད་ཐུན་མོང་གི་འདུན་པ་ཡོད་པས། ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གིས་ཀྲུང་གོ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”འཛུགས་རྒྱུར་མུ་མཐུད་མཉམ་ལས་བྱེད་འདོད་ཡོད་ཅེས་བཤད།
ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་དང་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དབར་གྱི་མཉམ་ལས་སྐོར་གླེང་སྐབས། ཀྲུང་ཝེ་ཝུའུ་ཡན་གྱིས་ཕྱོགས་གཉིས་པོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་སུ་མཉམ་ལས་ཧུར་ཐག་བྱེད་ཆོག་ཅེས་དང་། ཡང་ཁོང་གིས་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་གཙོ་བོར་བྱེད་པ་དང་། ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གིས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ནང་ཞུགས་པ་མ་ཟད། རྒན་གསོ་དང་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་ཀྱང་གཉེར་བས། ཕྱོགས་གཉིས་ཀས་ཕན་ཚུན་གསབ་རེས་བྱེད་ཆོག་པ་ཡིན་ཞེས་བཤད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།