ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀག་རྒྱ་སེལ་བར་གྲོས་སྡུར་བྱེད་རྒྱུ་རེད་ཅེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-05-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉེ་སྔོན་བཤད་རྒྱུར། ད་ལོའི་ཟླ་བདུན་པར་འཇར་མན་ནས་བསྡུ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀག་རྒྱ་སེལ་བ་སོགས་ཀྱི་གྲོས་གཞི་ལ་གྲོས་སྡུར་བྱེད་རྒྱུ་རེད་ཟེར། 

ཕུའུ་ཅིན་གྱིས་ཚེས་གཉིས་ཉིན་ཨུ་རུ་སིའི་ལྷོ་ནུབ་ཕྱོགས་ཀྱི་གྲོང་ཁྱེར་སོ་ཆི་ནས་འཚམས་འདྲིར་ཡོང་བའི་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་ལ་ཐུག་འཕྲད་བྱས། ཁོས་ཐུག་འཕྲད་ཀྱི་རྗེས་སུ་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དེང་སྐབས་འཛམ་གླིང་གི་དཔལ་འབྱོར་ཐད་དུ་སྔར་བཞིན་གནད་དོན་མི་ཉུང་བ་གནས་ཡོད་པས། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པས་མཐོ་རིམ་གྲོས་ཚོགས་ཀྱི་སྐབས་སུ་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀག་རྒྱ་སེལ་བ་སོགས་ཀྱི་གྲོས་གཞི་ལ་གྲོས་སྡུར་བྱས་ཏེ། ཁ་གཏད་འཇལ་ཐབས་འཚོལ་རྒྱུ་རེད་ཟེར།

ཕུའུ་ཅིན་གྱིས་ད་དུང་ཨུ་རུ་སི་དང་འཇར་མན་གྱི་ཉོ་ཚོང་འཕེལ་རྒྱས་གནས་ཚུལ་ལ་ཁས་ལེན་བྱས། ཁོས་ཕྱོགས་གཉིས་ཀྱི་ཉོ་ཚོང་ད་ལོའི་ལོ་འགོར་ཡང་བསྐྱར་དར་རྒྱས་སུ་སོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྱོར་ཚོང་འབྲེལ་བའི་མདུན་ལྗོངས་ཧ་ཅང་རྒྱ་ཆེ་ཞེས་བཤད།

འཇར་མན་ནི་ཉིས་སྟོང་བཅུ་བདུན་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པ་དང་། ད་ལོའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་དེ་ཟླ་བདུན་པའི་ཚེས་བདུན་ཉིན་དང་ཚེས་བརྒྱད་ཉིན་ལ་འཇར་མན་གྱི་ཧན་པའོ་ནས་བསྡུ་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།