ཀྲུང་གོ་བོད་ཀྱི་དྲ་བ།

ཅེ་ཁི་ཡིས་འདས་ལོག་དུས་ཆེན་སྐབས་ཀྱི་བདེ་སྲུང་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅེ་ཁིའི་ནང་སྲིད་པུའུ་ཡི་པུའུ་ཀྲང་ཧའོ་ཝ་ནེ་ཚི་ཡིས་ཚེས་བཅུ་གཉིས་ཉིན་བསྟན་དོན། འདས་ལོག་དུས་ཆེན་སྐབས་སུ་ཅེ་ཁི་ཡིས་སྔོན་ཐོན་མེ་མདའ་སྒྲིག་སྦྱོར་བྱས་པའི་དམིགས་བསལ་ཉེན་རྟོག་པ་ལྔ་བརྒྱ་མངག་ནས་མི་ཚོགས་འདུསའི་བདེ་འཇགས་ཉེན་སྲུང་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། དེ་ལས་གཞན་དམག་མི་དྲུག་བརྒྱ་ཡིས་དགོས་ངེས་ཀྱི་སྐབས་སུ་ཉེན་རྟོག་པར་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཧའོ་ཝ་ནེ་ཚི་ཡིས་ཉིན་དེར་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་འདས་ལོག་དུས་ཆེན་སྐབས་སུ་ཅེ་ཁི་ཡིས་བྱ་འགུལ་སྣ་ཚོགས་སྤེལ་བར་བདེ་འཇགས་དཔྱད་འཇོག་བྱས་པ་དང་། བྱ་འགུལ་རེ་འགའ་གཙོར་བཟུང་ནས་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། 
ཁོས་བཤད་རྒྱུར། ང་ཚོས་བྱ་འགུལ་གྱི་སྐབས་སུ་བདེ་སྲུང་བྱེད་ཐབས་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་དང་། བྱེད་ཐབས་དེ་དག་ཚེས་བཅུ་གསུམ་ཉིན་ནས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

ཧའོ་ཝ་ནེ་ཚི་ཡིས་བཤད་རྒྱུར། གོང་སྨྲས་ཀྱི་བྱེད་ཐབས་ནི་སྔོན་འགོག་རང་བཞིན་གཙོ་བོ་ཡིན་པ་དང་། ཅེ་ཁི་ལ་བདེ་འཇགས་འཇིགས་ཉེན་ཐེབས་སྲིད་པའི་བརྡ་འཕྲིན་ཅི་ཡང་མེད་ཟེར། ཁོས་ད་རུང་བསྟན་དོན། འདས་ལོག་དུས་ཆེན་སྐབས་སུ་གཞུང་ལམ་གྱི་བདེ་འཇགས་ཐད་ནས་སྐོར་གཡེང་ལ་ཤུགས་སྣོན་དང་། གཙོ་བོ་ཁྲིམས་འགལ་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ། མྱུར་ཚད་ལས་བརྒལ་བ་དང་ཆང་འཐུང་ནས་རླངས་འཁོར་བསྐོར་བ། དུག་རྫས་ལོངས་སུ་སྤྱོད་པ་སོགས་བྱ་སྤྱོད་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།