“རྒྱུད་གཅིག་ལམ་གཅིག”གིས་འཇར་མན་ཏུའུ་དབྱི་སི་པའོ་གྲུ་ཁའི་ལས་རྗེས་ཀྱི་ཟིན་ཐོ་གསར་པ་གཏོད་རྒྱུར་རམ་འདེགས་བྱས་པ།

“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ཕན་པ་ཐོབ་ནས་འཇར་མན་གྱི་ནང་ཁུལ་གཙང་པོ་ཆེ་ཤོས་ཀྱི་གྲུ་ཁ་ཏུའུ་དབྱི་སི་པའོ་གྲུ་ཁའི་རྒྱལ་སྤྱིའི་ལས་སྒོ་ཟམ་མི་ཆད་པར་རྒྱ་ཆེར་སོང་ནས་2016ལོར་ལོ་རྒྱུས་ཐོག་གི་ལས་རྗེས་ཟིན་ཐོ་གསར་པ་བཏོད་པ་རེད།

ཏུའུ་དབྱི་སི་པའོ་གྲུ་ཁས་གསར་དུ་ཡོངས་བསྒྲགས་བྱས་པའི་ལོ་འཁོར་གྱི་སྙན་ཞུ་ལས་མངོན་པར། གྲུ་ཁ་དེའི་2016ལོའི་ལས་གཉེར་ཡོང་འབབ་ཡོ་སྒོར་དུང་ཕྱུར་2.3ཟིན་ནས་2015ལོ་ལས་6%འཕར་བ་དང་། ལས་གཉེར་ཁེ་འབབ་7%འཕར་ནས་ཡོ་སྒོར་ཁྲི་4000ཟིན་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།

2016ལོར་ཏུའུ་དབྱི་སི་པའོ་གྲུ་ཁས་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ལེན་བྱས་ཏེ་ཀྲུང་གོའི་ཁེ་ལས་དང་མཉམ་ལས་བྱས་ནས་ཐུན་མོང་ཐོག་ལེགས་སྒྲུབ་བྱས་པའི་ཡོ་རོབ་དང་ཨེ་ཤེ་ཡ་སྒྲོལ་བའི་རྣམ་གྲངས་དེས་གྲུ་ཁ་དེའི་ལས་རྗེས་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། ཏུའུ་དབྱི་སི་པའོ་གྲུ་ཁའི་གཞུང་ཕྱོགས་དྲ་བའི་ཐོག་སྤེལ་བའི་ཆ་འཕྲིན་ལ་གཞིགས་ན། མིག་སྔར་གཟའ་འཁོར་རེར་ཏུའུ་དབྱི་སི་པའོ་གྲུ་ཁ་དང་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་གྲོང་ཁྱེར་དབར་དུས་གཏན་མེ་འཁོར་20ལྷག་ཙམ་འགྲོ་འོང་བྱེད་ཀྱི་ཡོད། འབྱུང་འགྱུར་ཏུའུ་དབྱི་སི་པའོ་གྲུ་ཁས་ད་དུང་ཀྲུང་གོ་ནས་གྲུ་ཁ་དེ་བརྒྱུད་ཡོ་རོབ་ཏུ་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་མང་དུ་ཤུགས་ཆེན་གཏོང་རྩིས་ཡོད་པ་རེད།

རྩོམ་སྒྲིག་པ། གླིང་སྨྱོན།

དཔྱད་མཆན 0 ཡོད།