ཞི་ལཱ་ཡིས་བཅོས་བསྒྱུར་སྔར་ལས་མང་བོ་སྤེལ་ཏེ་རོགས་སྐྱོར་བརྩོན་ལེན་བྱེད་པར་འཐད་པ་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་སྒོར་སྡེ་ཚོགས་ཀྱི་ཀྲུའུ་ཞི་ཏའེ་སེ་ཨར་པུའུ་ལུའུ་མུའུ་ཡིས་ཚེས་བདུན་ཉིན་བསྟན་དོན། ཞི་ལཱ་དང་རྒྱལ་སྤྱིའི་བུན་དབང་ལྡན་མཁན་གྱིས་བཅོས་བསྒྱུར་ཇུས་གཞིའི་གནད་འགག་གི་ནང་དོན་ལ་གྲོས་འཆམ་བྱུང་བ་དང་། དེ་ལས་ཞི་ལཱ་རྒྱལ་ཁབ་རོགས་སྐྱོར་མ་དངུལ་སྐོར་ཞིག་ཐོབ་པར་བཀག་རྒྱ་གཙོ་བོ་སེལ་བ་རེད།

རོགས་སྐྱོར་མ་དངུལ་ཐོབ་ཆེད། ཞི་ལཱ་ཡིས་བཅོས་བསྒྱུར་སྔར་ལས་མང་བོ་བྱེད་པར་འཐད་པ་བྱུང་བ་དང་། དེའི་ནང་ཉིས་སྟོང་བཅུ་དགུའི་ལོར་རྒན་གསོའི་མ་དངུལ་ཇེ་ཉུང་དུ་གཏོང་བ་དང་ཉིས་སྟོང་ཉི་ཤུ་ལོར་ཁྲལ་བསྡུའི་ཡོང་འབབ་ཇེ་མང་དུ་གཏོང་བ་སོགས་འདུས།

ཞི་ལཱ་ཡིས་ད་ལོའི་ཟླ་བདུན་པར་དངུལ་བུན་མང་བོ་འཇལ་དགོས་པ་དང་། སྐབས་ཐོག་དེར་ཡོ་སྒོར་ཐེར་འབུམ་བདུན་དུས་ལྟར་འཇལ་དགོས་པ་རེད། གལ་ཏེ་རོགས་སྐྱོར་མ་དངུལ་དེ་དུས་ལྟར་མ་ཐོབ་ན། ཞི་ལཱ་ཡོ་སྒོར་བཀོལ་བའི་ས་ཁུལ་དང་འབྲལ་དགོས་པའི་ཉེན་ཁ་ཡོད་པ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།