ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་མི་དང་སི་རི་ཡཱའི་ཡུལ་གྱར་བའི་བར་འཁྲུག་རྩོད་བྱུང་སྟེ་མི་སུམ་ཅུ་ལྷག་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ནུབ་ཕྱོགས་ཀྱི་དབྱེ་ཙི་མུས་ཨར་གྲོང་ཁྱེར་གྱི་སྡོད་དམངས་དང་སི་རི་ཡཱའི་ཡུལ་གྱར་བའི་བར་ཚེས་བརྒྱད་ཉིན་འཁྲུག་རྩོད་བྱུང་སྟེ། མི་སུམ་ཅུ་ལྷག་ལ་རྨས་ཕོག

བསྒྲགས་པ་ལྟར་ན། ཐུར་ཁེའི་བྱིས་པ་ཞིག་ལ་སི་རི་ཡཱའི་མིས་གཅར་རྡུང་བྱས་རྗེས། ཐུར་ཁེའི་སྡོད་དམངས་སུམ་བརྒྱ་ལྷག་གིས་ལག་ཏུ་དབྱུག་པ་དང་གྲི་སོགས་བཟུང་ནས་ས་དེར་སྡོད་པའི་སི་རི་ཡཱའི་ཡུལ་གྱར་བར་དཔུང་འཇུག་བྱས་ཏེ། མི་སུམ་ཅུ་ལྷག་ལ་རྨས་ཕོག འཁྲུག་རྩོད་བྱུང་རྗེས་སི་རི་ཡཱའི་ཡུལ་གྱར་བ་ལྔ་བརྒྱ་ཙམ་སྡོད་གནས་དེ་དང་མི་འབྲལ་ཐབས་མེད་བྱུང་།

ས་དེའི་དཔོན་རིགས་ཤིག་གིས་བཤད་རྒྱུར། སི་རི་ཡཱའི་ཡུལ་གྱར་བ་ཡོང་བའི་རྗེས་སུ། ས་གནས་དེར་རིགས་དེ་མཚུངས་ཀྱི་འཁྲུག་རྩོད་དོན་རྐྱེན་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད་ཟེར། ཁོས་དབང་འཛིན་ལས་ཁུངས་ཀྱིས་ཡུལ་གྱར་བ་དེ་དག་ཡུལ་གྱར་བའི་སྒར་སར་བཀོད་སྒྲིག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཐུར་ཁེ་ཡིས་སི་རི་ཡཱའི་ཡུལ་གྱར་བ་ས་ཡ་གསུམ་ལྷག་དང་ལེན་བྱས་ཡོད་པ་དང་། དེའི་ནང་མང་ཆེ་བ་ནི་ཐུར་ཁེའི་ས་ཁུལ་གང་རུང་དུ་ཁ་ཐོར་དུ་བསྡད་ཡོད་ལ། མི་ཉུང་ཤོས་ཡུལ་གྱར་བའི་སྒར་སར་བསྡད་ཡོད་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།