ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་སུའེ་ཏེན་གྱི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བདུན་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་ཉིན་དེར་སུའེ་ཏེན་གྱི་རྒྱལ་ས་སི་ཏི་ཀིར་མའོ་ནས་བྱུང་བའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཧྥ་རན་སི་ཡིས་འཇབ་རྒོལ་དོན་རྐྱེན་དེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོའི་ཁྱིམ་མི་དང་སུའེ་ཏེན་མི་དམངས་ལ་སེམས་གསོ་དང་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་མཉམ་དུ་འབད་བརྩོན་བྱས་ནས། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་ཟེར།

ཧྥ་རན་སིའི་པཱ་རེ་སི་གྲོང་ཁྱེར་གྱི་ཧྲི་ཀྲང་དབྱེ་ཏཱ་ཨར་ཀི་ཡིས་ཚེས་བདུན་ཉིན་དྲ་ཐོག་བརྒྱུད་དེ། ཚེས་བདུན་ཉིན་གྱི་ནམ་གུང་དུས་ཚོད་བཅུ་གཉིས་སྟེང་། ཕཱ་རེ་སིའི་ཨེ་ཧྥེ་ཨར་ལྕགས་སྡོང་གི་གློག་སྒྲོན་གཟིམ་ནས་སུའེ་ཏེན་གྱི་འཇབ་རྒོལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོར་མྱ་ངན་ཞུ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།