ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་སྲིད་གཞུང་དམག་གིས་ཐ་ལེ་པན་གྱི་དྲག་ཆས་མི་སྣ་ཉེར་བདུན་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཏ་ཝུའུ་ལཱ་ཐི་ཝ་ཆི་ལེ་ཡིས་ཚེས་སུམ་ཅུ་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གྱིས་ཁྱད་དམིགས་དམག་དཔུང་གིས་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་ཤར་ཕྱོགས་ཀྱི་ནན་ཀི་ཧ་ཨར་ཞིང་ཆེན་ནས་ཐེ་ལེ་པན་གྱི་དྲག་ཆས་མི་སྣ་གཙང་བཅོམ་བྱེད་པའི་འགུལ་སྐྱོད་སྤེལ་ཏེ། དྲག་ཆས་མི་སྣ་ཉེར་བདུན་བསད་ཟེར།

ཝ་ཆི་ལེ་ཡིས་བཤད་རྒྱུར། གཙང་བཅོམ་འགུལ་སྐྱོད་ནི་ཞིང་ཆེན་དེའི་ཧུའུ་ཅི་ཡ་ཉི་ས་ཁུལ་ནས་སྤེལ་བ་དང་། ཁྱད་དམིགས་དམག་དཔུང་གིས་བསྡོམས་པས་ཐ་ལེ་པན་གྱི་བཀོད་འདོམས་དཔོན་པོ་བཞི་དང་བཅས་པའི་དྲག་ཆས་མི་སྣ་ཉེར་བདུན་བསད་པ་དང་། ཐ་ལེ་པན་ལ་འབྲེལ་བ་ཡོད་པར་དོགས་པ་ཟ་བའི་མི་བདུན་འཛིན་བཟུང་བྱས་པ་མ་ཟད། ཐ་ལེ་པན་གྱི་མཚོན་ཆ་དང་མདེལ་རྫས་མང་པོ་བརླགས་ཟེར། 
ནན་ཀི་ཧ་ཨར་ཞིང་ཆེན་གྱི་ས་ཁུལ་ཁ་ཤས་ནི་ཐ་ལེ་པན་དང་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་སོགས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ཀྱིས་རྒྱུན་དུ་འཇབ་རྒོལ་བྱེད་ས་ཡིན་ལ། ཐ་ལེ་པན་གྱིས་དཔྱིད་ཀར་འཇབ་རྒོལ་བྱེད་ཤུགས་ཇེ་ཆེར་གཏོང་ལ་ཉེ་བ་དང་བསྟུན་ནས། ཨ་ཧྥུའུ་ཧན་གྱི་སྲིད་གཞུང་དམག་གིས་དྲག་ཆས་མི་སྣ་གཙང་བཅོམ་བྱེད་པར་ཤུགས་བསྣན།

དེའི་སྔོན་ལ། ཨ་ཧྥུའུ་ཧན་གྱི་སྲིད་གཞུང་དམག་གིས་རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཧྥ་ལཱ་ཞིང་ཆེན་ནས་ཐ་ལེ་པན་གྱི་དྲག་ཆས་མི་སྣ་ཞེ་བདུན་བསད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།