ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་ཉེར་བརྒྱད་པའི་གྲ་སྒྲིག་གྲོས་ཚོགས་སྤེལ་མགོ་བརྩམས།

    སྤེལ་དུས། : 2017-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

a0f0ba929bb74ee866b1b19f5d584cb3.jpg

གྲ་སྒྲིག་གྲོས་ཚོགས་ཀྱི་ཡུལ་དངོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཚེས་ཉེར་གསུམ་ནས་ཚེས་ཉེར་བཞིའི་ཉིན་བར། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་མཐོ་རིམ་དཔོན་པོའི་གྲོས་ཚོགས་ཅོར་ཏན་གྱི་སི་ཧེ་ས་ཁུལ་ནས་སྤེལ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོའི་དཔལ་འབྱོར་ལས་དོན་གྱི་ལས་རོགས་པ་ཨ་ལི་ཡིས་བསྟན་དོན། གྲོས་ཚོགས་ནས་བཏོན་པའི་སྙན་ཞུའི་ཁྲོད་ཨ་རབ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་འཕེལ་རྒྱས་ཁྱབ་ཁོངས་ཀྱི་བྱེད་ཐབས་འཐུས་ཡོད་པ་དང་། དེའི་ནང་ཆེས་ཆེ་ཞིང་ཆེས་གལ་ཆེ་བ་ནི་ཨ་རབ་ཀྱི་སྒོ་ཁྲལ་མནའ་མཐུན་འཕེལ་རྒྱས་སུ་བཏང་སྟེ། ཨ་རབ་ཀྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དེ་ཡིན་ཟེར།

ཨ་ལི་ཡིས་བསྟན་དོན། གྲོས་ཚོགས་ནས་ཨ་རབ་རྒྱལ་ཁབ་དག་གི་མདུན་དུ་ལྷགས་པའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས། དེའི་ནང་ཨ་རབ་རྒྱལ་ཁབ་ཀྱི་རང་དབང་ཉོ་ཚོང་ས་ཁུལ་དང་། ཨ་རབ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་ལས་འཕེལ་རྒྱས། ས་ཁོངས་ཀྱི་ཡུལ་གྱར་བ་ལས་བྱུང་བའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གནད་དོན་དང་དེའི་ཐག་གཅོད་བྱེད་ཐབས་སོགས་འདུས། དེ་ལས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་ཉེར་བརྒྱད་པའི་གྲ་སྒྲིག་གྲོས་ཚོགས་སྤེལ་མགོ་བརྩམས་པ་མཚོན་ཡོད་ཟེར།

གྲོས་ཚོགས་ལ་ཞུགས་པའི་ཨ་རབ་རྒྱལ་ཁབ་དག་གི་མཐོ་རིམ་དཔོན་པོས་གསང་བའི་གྲོས་མོལ་བྱས་རྗེས། བཏོན་པའི་གྲོས་གཞི་དེ་ཚེས་ཉེར་དྲུག་ཉིན་བསྡུ་རྒྱུ་ཡིན་པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ལ་སྤྲད་དེ་གྲོས་བསྡུར་བྱེད་རྒྱུ་མ་ཟད། མཇུག་མཐར་མཐོ་རིམ་གྲོས་ཚོགས་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་རེད།

ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བདུན་ཉིན་བར། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་མཐོ་རིམ་དཔོན་པོའི་གྲོས་ཚོགས་བསྡུ་བ་ལས་གཞན། དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་དང་ཕྱི་འབྲེལ་ལས་དོན་གྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སོགས་གྲ་སྒྲིག་གྲོས་ཚོགས་བསྡུས་ཏེ། ཚེས་ཉེར་དགུའི་ཉིན་བསྡུ་རྒྱུ་ཡིན་པའི་མཐོ་རིམ་གྲོས་ཚོགས་ལ་གྲ་སྒྲིག་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།