ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ལ་ཁ་པར་བཏང་སྟེ་ལོན་ཏོན་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐད་ནས་མྱ་ངན་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕོ་བྲང་དཀར་པོས་ཚེས་ཉེར་གཉིས་ཉིན་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཉིན་དེར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་ལ་ཁ་པར་བཏང་སྟེ། ལོན་ཏོན་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐད་ནས་མྱ་ངན་ཞུས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་བདེ་སྲུང་མི་སྣ་དང་རྒུད་སྐྱོབ་མི་སྣས་མྱུར་དུ་འགུལ་སྐྱོད་སྤེལ་བར་གཟེངས་བསྟོད་བྱས། ཁོས་བསྟན་དོན། ཨ་མེ་རི་ཁས་ནུས་ཤུགས་གང་ཡོད་ཀྱིས་དབྱིན་ཇི་ལ་རྒྱབ་སྐྱོར་བྱས་ཏེ། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ཐག་གཅོད་བྱེད་པ་དང་། འཇབ་རྒོལ་མཁན་ཁྲིམས་ལ་སྦྱོར་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཏིས་ལེ་སིན་གྱིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། འདས་པོ་དང་འདས་པོའི་ཁྱིམ་མིར་མྱ་ངན་ཞུ་བའི་ཚུལ་བསྟན། ཁོས་བསྟན་དོན། ཨ་མེ་རི་ཁས་ཐེངས་འདིའི་ཡ་ང་བའི་དྲག་ཤུགས་འཇབ་རྒོལ་བྱ་སྤྱོད་དེར་རྒོལ་གཏམ་གཏོང་བཞིན་ཡོད། འཇབ་རྒོལ་བྱེད་པའི་དམིགས་ཡུལ་ཅི་ཞིག་ཡིན་རུང་འཇབ་རྒོལ་ཐེབས་མཁན་ལ་མཚོན་ན་ཁྱད་པར་ཅི་ཡང་མེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།