ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཁི་ཨར་གྱིས་ལོན་ཏོན་གྱི་འཇིགས་སྐུལ་འཇབ་རྒོལ་ལ་མྱ་ངན་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་ལོན་ཏོན་ནས་ཚེས་ཉེར་གཉིས་ཉིན་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་བར་དམིགས་ནས། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཉིན་དེར་མྱ་ངན་ཞུ་བའི་གསལ་སྒྲོག་སྤེལ་ཏེ། ཁོ་མོ་དོན་དེར་ཧ་ལས་ཡོད་པའི་ཚུལ་བསྟན་པར་མ་ཟད། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་འཐབ་འཁྲུག་ཁྲོད་འཇར་མན་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱིས་དཔུང་བ་མཉམ་གཤིབ་ཀྱིས་འཐབ་འཁྲུག་བྱེད་རྒྱུ་ཡིན་པ་ནན་བཤད་བྱས།

མའོ་ཁི་ཨ་གྱིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ཏེ། རང་ཉིད་ཀྱིས་འཇབ་རྒོལ་དོན་རྐྱེན་དེ་འདྲ་བྱུང་བ་ཐོས་མ་ཐག་ཧ་ལས་པར་གྱུར་ཟེར། མའོ་ཁི་ཨར་གྱིས་བསྟན་དོན། ང་ཚོའི་དབྱིན་ཇིའི་གྲོགས་པོ་དང་ལོན་ཏོན་གྱི་མི་ཚང་མར་འཚམས་འདྲི་དང་མྱ་ངན་ཞུ་བཞིན་ཟེར། ཁོ་མོས་ད་རུང་རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།

མའོ་ཁི་ཨར་གྱིས་ནན་གྱིས་བསྟན་དོན། རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་སྐབས། འཇར་མན་དང་འཇར་མན་གྱི་མི་དམངས་དག་བློ་བརྟན་འགྱུར་མེད་དང་ཞུམ་པ་མེད་པའི་སྒོ་ནས་དབྱིན་ཇིའི་ཕྱོགས་སུ་ལངས་སྲིད་ཟེར།

འཇར་མན་གྱི་ནང་སྲིད་བློན་ཆེན་ཏི་མེད་ཆི་ཨེ་ཡིས་ཉིན་དེར་བསྟན་དོན། འཇར་མན་བདེ་འཇགས་སྡེ་ཁག་གིས་དབྱིན་ཇིའི་བདེ་འཇགས་སྡེ་ཁག་བར་འབྲེལ་འདྲིས་དམ་ཟབ་བྱེད་བཞིན་ཡོད་ཟེར། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཅཱ་པུའུ་ལི་ཨར་གྱིས་ཐེངས་འདིར་ལོན་ཏོན་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེ་ནི་དམངས་གཙོའི་སྲོག་ཤིང་ལ་ཐེབས་པའི་འཇབ་རྒོལ་ཞིག་ཡིན་པར་རློམ་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།