ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པས་སི་རི་ཡཱའི་བྱིས་པ་དག་དཀའ་སྡུག་གི་གནས་སུ་ལྷུང་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཉམས་ཉེན་བྱུང་ནས་ད་ལྟའི་བར་ལོ་ངོ་དྲུག་འགོར་ཡོད་པ་དང་། ལོ་ངོ་དྲུག་གི་རིང་། ཉམས་ཉེན་དེ་ལས་སི་རི་ཡཱའི་རྒྱལ་ནང་གི་མི་འབུམ་གསུམ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། སྤྱིའི་མི་གྲངས་ཀྱི་ཕྱེད་ཙམ་རང་ཁྱིམ་དང་ཁ་མི་འབྲལ་ཐབས་མེད་དུ་གྱུར་ཡོད། འཐབ་འཁྲུག་ཁྲོད་གནོད་པ་ཆེས་ཚབས་ཆེན་ཐེབས་པ་ནི་བྱིས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པས་ཉེ་སྔོན་སྤེལ་བའི་སྙན་ཞུ་ལྟར་ན། ཉིས་སྟོང་བཅུ་དྲུག་ལོར་སི་རི་ཡཱའི་བྱིས་པར་ཉམས་ཉེན་བྱུང་བའི་ཚུན་གྱི་ཆེས་ཚབས་ཆེ་བའི་དྲག་ཤུགས་མནར་གཅོད་ཐེབས་ཡོད་པ་དང་། སི་རི་ཡཱའི་བྱིས་པ་དག་དཀའ་སྡུག་གི་གནས་སུ་འཚོ་བཞིན་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།