ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་བཅུ་དགུ་ཉིན་ནས་བཟུང་འཇར་མན་དང་ཧྥ་རན་སི། དབྱི་ཐཱ་ལེ་བཅས་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་བརྒྱད་ཉིན་སྲིད་གཞུང་དང་སྲིད་འཛིན་ཏང་གི་འབྲེལ་གཏུག་གྲོས་ཚོགས་ལ་ཞུགས་སྐབས། ཟླ་འདིའི་ཚེས་བཅུ་དགུའི་ཉིན་ནས་བཟུང་འཇར་མན་དང་ཧྥ་རན་སི། དབྱི་ཐཱ་ལེ་བཅས་ཡོ་རོབ་གླིང་གི་རྒྱལ་ཁབ་གསུམ་ལ་འཚམས་འདྲི་བྱེད་པའི་འཆར་གཞི་ཡོད་ཟེར།

བསྒྲགས་པ་ལྟར་ན། རྒྱལ་ཁབ་སོ་སོའི་མགོ་གཙོ་དང་གྲོས་མོལ་བྱེད་པ་ལས་གཞན། ཨན་པའེ་ཅིན་སན་ད་རུང་འཇར་མན་གྱི་ཧན་ནོའུ་ཝེ་ནས་སྤེལ་རྒྱུ་ཡིནཔ་འི་འཛམ་གླིང་ཡོངས་ཀྱི་གཞི་རྒྱ་ཆེས་ཆེ་བའི་བརྡ་འཕྲིན་འགྲེམ་སྟོན་ཚོགས་འདུར་ཞུགས་རྩིས་ཡོད་པ་དང་། གནད་དོན་དེའི་ཐད་ནས་མཐུན་སྦྱོར་བྱེད་བཞིན་ཡོད་ཟེར།

ཨན་པའེ་ཅིན་སན་གྱིས་ཚོགས་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་གནད་དོན་གཙོ་བོའི་ཐད་ནས་རྒྱལ་ཁབ་སོ་སོའི་མགོ་གཙོ་དང་བསམ་འཆར་བརྗེ་རེས་བྱེད་རྒྱུ་ཡིན་པ་དང་། འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ཀྱི་ཆེད་དུ་མཉམ་ལས་དམ་ཟབ་བྱེད་རྒྱུ་ཡིན་ཟེར།

བསྒྲགས་པ་ལྟར་ན། ད་ལོའི་ཟླ་གཉིས་པར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་གྲོས་མོལ་བྱས་རྗེས། ཨན་པའེ་ཅིན་སན་གྱིས་ཟླ་གསུམ་པ་ནས་བཟུང་དཔྱིད་ཀའི་ཕྱི་འབྲེལ་བྱ་བའི་མགོ་བརྩམས་པ་རེད། ཐོག་མར་འཚམས་འདྲི་བྱ་ཡུལ་ནི་ཐི་ལིང་ཕུའུ་ལ་དོགས་ཟོན་བྱེད་པའི་ཡོ་རོབ་གླིང་གི་རྒྱལ་ཁབ་དག་ཡིན་པ་རེད། ཟླ་ལྔ་བའི་བཟོ་ལས་རྒྱལ་ཁབ་བདུན་གྱི་མགོ་གཙོའི་གྲོས་ཚོགས་ལ་ཁོར་ཡུག་བཟང་བོ་ཞིག་བསྐྲུན་པར་བརྩོན་རྒྱུ་རེད།

དེ་ལས་གཞན་ཨན་པའེ་ཅིན་སན་གྱིས་ཟླ་བཞི་བའི་ཟླ་སྨད་ཨུ་རུ་སི་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་རྩོད་གཞིར་གྱུར་བའི་གླེང་ཕྲན་སོགས་གནད་དོན་ཐད་ནས་གྲུབ་འབྲས་ལོན་པར་རེ་བ་བྱས་ཡོད། ཐི་ལིང་ཕུའུ་ཡི་འབྲེལ་བར་བརྟེན་ནས་ཕྱི་འབྲེལ་བྱ་བར་གཞོགས་འདེགས་བྱེད་པརི་རྣམ་འགྱུར་མངོན་ཡོད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།