ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་བྱང་ཕྱོགས་ས་ཁུལ་གྱི་ཉེན་རྟོག་མི་སྣར་འཇབ་རྒོལ་ཐེབས་ཏེ་མི་བཅུ་ཚེ་ལས་འདས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་བདེན་དཔང་བྱས་དོན། ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཀྲུའུ་ཙི་ཀྲན་ཞིང་ཆེན་གྱི་ཉེན་རྟོག་པར་ཉིན་དེར་ཐཱ་ལེ་པན་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ལ་རྨས་ཕོག་ཟེར།

ས་དེའི་ཉེན་རྟོག་ཕྱོགས་ཀྱི་འགན་ཁུར་བ་ཐུའུ་ཨར་ཅི་སི་ཐཱ་ནེ་ཡིས་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ཉིན་དེའི་སྔ་དྲོར་ཞིང་ཆེན་དེའི་ལྷོ་ནུབ་ཕྱོགས་ཀྱི་ཏཱ་ཙན་ས་ཁུལ་ནས་བྱུང་བ་རེད། ཉེན་རྟོག་པར་འཇབ་རྒོལ་ཐེབས་རྗེས་དྲག་ཆས་མི་སྣ་དང་འཁྲུག་རྩོད་བྱས་པ་དང་། མིག་སྔར་ཕྱོགས་གཉིས་ཀྱི་འཁྲུག་རྩོད་མུ་མཐུད་དུ་སྤེལ་བཞིན་ཡོད།

གཞན་ཡང་བསྒྲགས་པ་ལྟར་ན། འཇབ་རྒོལ་མཁན་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ས་དེའི་དྲག་ཆས་སྟོབས་ཤུགས་ཡིན་པ་རེད་ཟེར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།