ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་དང་ཡོ་རོབ་གླིང་གིས་པུའུ་ཀྲང་གྲོས་ཚོགས་བསྡུས་ཏེ་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་འགོད་པའི་སྒྲོམ་གཞིའི་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་ཚེས་བཅུ་བཞིའི་ཉིན་ནེ་ཀིའི་གྲོས་ཚོགས་གྲོལ་རྗེས་གསར་འགོད་པར་བཤད་རྒྱུར། ཁོས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཉོ་ཚོང་གི་ལས་དོན་གྱི་འགན་གཙོ་བོར་ཁུར་བའི་ཨུ་ཡོན་མཱ་ཨར་མུའུ་སི་ཐི་ལོན་དང་མཉམ་དུ་པུའུ་ཀྲང་གྲོས་ཚོགས་བསྡུས་ཏེ། དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཐད་ནས་གྲོས་མོལ་བྱེད་རྒྱུ་ཡིན་ལ། གྲོས་ཚོགས་དེ་ཚེས་བཅུ་དྲུག་ཉིན་དང་ཚེས་བཅུ་བདུན་ཉིན་འཇར་མན་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་བསྡུ་སྐབས་སྤེལ་རྒྱུ་ཡིན་ཟེར།

དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཐད་ནས་ཨན་ཐེན་ཝུན་ཞོང་གིས་བཤད་རྒྱུར། ཚོད་དཔག་བྱེད་ཐབས་མེད། འཇར་པན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཁ་ཕྱོགས་རང་བཞིན་ཐད་ནས་གཅིག་གྱུར་བྱུང་ཡོད་ལ། གྲོས་བསྡུར་ལ་གྲུབ་འབྲས་ངེས་ཅན་ཐོབ་པར་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར།

དཔལ་འབྱོར་ཐོན་ལས་ཀྱི་བློན་ཆེན་ཧྲི་ཀིན་ཧོང་ཁྲིན་གྱིས་ཀྱང་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དཔྱད་གཞིའི་ཉིང་བཅུད་བསྡུས་ཡོད་ལ། གང་མགྱོགས་སྒོས་སྒྲོམ་གཞིའི་གྲོས་མཐུན་འགོད་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། འཇར་པན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཟླ་དང་པོའི་ཟླ་དཀྱིལ་དུ་དབུ་ཞུགས་གྲོས་མོལ་འཐུས་མིའི་གྲོས་ཚོགས་བསྡུས་ཏེ་གྲོས་མོལ་ལ་ཡར་སྐུལ་བཏང་། ཡོ་རོབ་གླིང་གིས་འཇར་པན་གྱིས་འོ་སྤྲི་སོགས་ཞིང་ཞོར་ཐོན་རྫས་ཚོང་ར་སྒོ་འབྱེད་བྱེད་དགོས་པའི་རེ་བ་བཏོན་པ་དང་། འཇར་པན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་རླངས་འཁོར་གྱི་སྒོ་ཁྲལ་མེད་པར་གཏོང་དགོས་པའི་རེ་བ་བཏོན། དོན་དེར་མུ་མཐུད་དུ་གྲོས་མོལ་བྱེད་བཞིན་ཡོད།

བསྒྲགས་པ་ལྟར་ན། ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོས་ཧི་ལན་ནས་མགོ་བརྩམས་ཏེ་ཟླ་གསུམ་པ་ནས་བཟུང་བསྟུད་མར་རྒྱལ་སྲིད་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་རེད། ཡོ་རོབ་གླིང་ཕྱོགས་ཀྱིས་ཡོ་རོབ་གླིང་གི་ཆབ་སྲིད་བྱ་བ་ཕྱོགས་ཡོངས་ནས་མགོ་མ་བརྩམས་གོང་འཇར་པན་བར་གྲོས་མཐུན་འགོད་ཐུབ་པར་རེ་བ་བཅངས་ཡོད། འཇར་པན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་གྲོས་མོལ་དུ་འབྲེལ་ཡོད་པུའུ་ཀྲང་གྲོས་ཚོགས་བཀོད་སྒྲིག་བྱས་ཡོད་ལ། ཨན་ཐེན་ཝུན་ཞོང་གིས་དེའི་བར་གྱི་ཕྱོགས་བསྡུས་མཐུན་སྦྱོར་བྱ་བའི་འགན་ཁུར་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།