མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་བར་གྲོས་མོལ་བྱས་ཏེ། རྩ་འཛུགས་ནང་ཁུལ་དུ་གནས་པའི་འགལ་བ་ཁྱད་སེལ་བྱེད་དགོས་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ལས་འགན་ཁུར་བའི་ཉིན་དང་པོར་བསྟན་དོན། ང་ཚོའི་དམིགས་འབེན་མངོན་འགྱུར་བྱེད་པའི་བྱེད་ཐབས་ཉག་ཅིག་ནི་ཚོགས་ཁག་གཅིག་ལྟར་དུ་བྱ་བ་བསྒྲུབ་དགོས་ཟེར།
ཁོས་བཤད་རྒྱུར། དེ་ལྟར་བྱེད་ན་ང་ཚོས་འབད་བརྩོན་ཆེན་པོ་བྱེད་དགོས་པ་དང་། ཁོངས་གཏོགས་རྒྱལ་ཁབ་སོ་སོའི་བར་གཟབ་ནན་གྱིས་གྲོས་མོལ་བྱས་ཏེ། རྩ་འཛུགས་ནང་ཁུལ་དུ་གནས་པའི་འགལ་བ་ཐག་གཅོད་བྱེད་དགོས་ཟེར།
ཁོས་ད་རུང་བསྟན་དོན། གལ་ཆེ་བ་ནི་རྩ་འཛུགས་ཀྱིས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་བྱེད་དགོས་པར་མ་ཟད་མི་འདང་ས་དང་འཕྲད་པའི་དཀའ་ཁག་ཀྱང་ཁས་ལེན་དགོས་ཟེར། དེ་ལས་གཞན་ཁོས་ད་རུང་ནན་གྱིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་རྐྱེན་སྲོལ་ལ་བཅོས་བསྒྱུར་བྱེད་དགོས་པ་དང་། རྩ་འཛུགས་ཀྱིས་དམངས་གཙོའི་བཀག་སྡོམ་ལས་ཐར་བར་བརྩོན་ལེན་བྱེད་དགོས་ཟེར། །