ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་པཱ་མཱ་ཡིས་ཟླ་དང་པོའི་ཚེས་བཅུ་ཉིན་ཕ་ཡུལ་ཀྲི་ཅཱ་ཀི་ནས་མཇུག་མཐའི་གྱེས་ཁའི་གཏམ་བཤད་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་འགྱངས་པར་ལས་འགན་བསྐྱུར་ལ་ཡོད་པའི་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཟླ་དང་པོའི་ཚེས་བཅུའི་ཉིན་ཕ་ཡུལ་ཀྲི་ཅཱ་ཀི་རུ་སོང་ནས་མཇུག་མཐའི་གྱེས་ཁའི་གཏམ་བཤད་སྤེལ་ཏེ་ཁོའི་རྒྱབ་སྐྱོར་མཁན་ལ་བཀའ་དྲིན་ཞུ་རྒྱུ་རེད།

བསྒྲགས་པ་ལྟར་ན། ཨོ་པཱ་མཱ་ཡིས་ཡོངས་བསྒྲགས་བྱས་པའི་སྦྲགས་སྲིད་ཡི་གེ་ཞིག་གི་ནང་དུ་བསྟན་དོན། ངས་བལྟས་ན་གཏམ་བཤད་ནི་བཀའ་དྲིན་ཞུ་བའི་གོ་སྐབས་ཤིག་ཡིན་པ་དང་། ངོ་མཚར་བའི་འགྲུལ་བཞུད་འདིར་བཀའ་དྲིན་ཞུ་དགོས་ལ། ཉེ་བའི་ལོ་ངོ་བརྒྱད་ཀྱི་ནང་རྒྱལ་ཁབ་དེ་སྔར་ལས་ཇེ་ལེགས་སུ་གཏོང་བའི་བྱེད་ཐབས་རྙེད་པར་རྟེན་འབྲེལ་ཞུས་ཆོག དེའི་ཞོར་དུ་ང་ཚོ་མ་འོངས་པར་ཕྱོགས་གང་དུ་བསྐྱོད་དགོས་པར་རང་ཉིད་ཀྱི་བསམ་ཚུལ་རེ་འགའ་བཏོན་ཆོག་ཟེར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།