ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་དང་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་ཆོད་ལ་གཏོར་བརླག་བྱས་པའི་ཐད་ནས་ཕན་ཚུན་སྐྱོན་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་སྲིད་གཞུང་དམག་དཔུང་དང་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་ལ་གཏོར་བརླག་བྱས་པའི་ཐད་ནས་ཕན་ཚུན་སྐྱོན་འཛུགས་བྱས། ད་ལྟའི་བར་སི་རི་ཡཱའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱས་ནས་ཉིན་གཉིས་འགོར་བ་དང་། འཁྲུག་རྩོད་དོན་རྐྱེན་རེ་འགའ་བྱུང་ཡང་སྤྱི་ཕྱོགས་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་བཞིན་ཡོད།

སི་རི་ཡཱའི་དམག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་གསར་འགོད་པར་བཤད་རྒྱུར། ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་ཉིན་དེར་སི་རི་ཡཱའི་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་ཧྲི་ཡེ་ཕྱོགས་ཁག་གི་གྲོང་རྡལ་ཆུང་བ་ཁཱ་ཧྥུའུ་ལཱ་ཡཱ་དང་ཧྥུའུ་ཨ་རུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་པ་དང་། བྱང་ཕྱོགས་ཀྱི་གྲོང་ཁྱེར་ཨ་ལེ་ཕའོ་ལྷོ་ནུབ་ཕྱོགས་ཀྱི་སྲིད་གཞུང་དམག་དཔུང་གི་སྒར་ས་ཞིག་ལ་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་པ་རེད།

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་སྐོར་ཞིག་གིས་ཉིན་དེར་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ངོ་རྒོལ་ཕྱོགས་ཁག་གིས་ཚོད་འཛིན་བྱེད་པའི་ས་ཁུལ་ལ་དམག་དོན་ཆམ་ཕབ་སྤེལ་བར་སྐྱོན་འཛུགས་བྱས་པ་དང་། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལས་ཕྱིར་འབུད་རྒྱུའི་འཇིགས་སྐུལ་བྱས།

ཨུ་རུ་སི་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་ཡར་སྐུལ་བཏང་བའི་སི་རི་ཡཱའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མོལ་དེ་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུའི་ཉིན་ནུས་ལྡན་དུ་གྱུར་བ་རེད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྲོས་ཆོད་བཀོད་དེ། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། སི་རི་ཡཱའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་མུའུ་ཨ་ལེ་མུའུ་ཡིས་ཉེ་སྔོན་བསྟན་དོན། ཨུ་རུ་སི་ཡིས་སྟོབས་དང་ལྡན་པའི་འགན་སྲུང་བྱས་པའི་དབང་གིས་ཐེངས་འདིའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེར་གྲུབ་འབྲས་ཐོབ་པར་སྔོན་དང་བསྡུར་ན་རེ་བ་ཆེན་པོ་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།