ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཅིན་ཀྲིན་རི་སྐུ་གཤེགས་ཏེ་ལོ་ལྔ་འཁོར་བར་དྲན་གསོ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་ནི་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་རི་སྐུ་གཤེགས་ཏེ་ལོ་ལྔ་འཁོར་བའི་དྲན་གསོའི་ཉིན་མོ་རེད། ཁྲའོ་ཞན་གྱིས་ཕེན་རང་གྲོང་ཁྱེར་གྱི་ཉི་མའི་ཕོ་བྲང་ནས་ཀྲུང་དབྱང་གི་མྱ་ངན་ཆེན་པོའི་ཚོགས་ཆེན་བསྡུས་ཏེ་མྱ་ངན་ཞུས།

ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་མྱ་ངན་ཞུ་བའི་ཚོགས་ཆེན་ལ་ཞུགས། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཅིན་ཡུང་ནན་དང་ཧོང་པེན་ཧྲི། ཕེའོ་ཧྥིན་ཀྲུའུ། ཚོས་ལུང་ཧེ། ད་དུང་ཏང་སྲིད་དམག་གི་མགོ་ཁྲིད་པ་གཞན་པ། ཕེན་རང་གྲོང་ཁྱེར་ཏང་ཀྲུང་དབྱང་མཛུབ་སྟོན་ལས་ཁུངས་ཀྱི་ཁོངས་མི་བཅས་ཚོགས་ཆེན་ལ་ཞུགས། ཁྲའོ་ཞན་དུ་སྡོད་པའི་ཕྱི་འབྲེལ་ཚོགས་པ་དང་རྒྱལ་སྤྱིའི་ལས་ཁུངས་ཀྱི་འཐུས་མི་དང་། དྲག་དཔོན་ཚོགས་པའི་འཐུས་མི་སོགས་ཀྱང་གདན་དྲངས་པ་ལྟར་མྱ་ངན་ཞུ་བའི་ཚོགས་ཆེན་ལ་ཞུགས།

ཚོགས་འདུར་ཞུགས་པའི་མི་ཚང་མས་ཐོག་མར་ཅིན་ཀྲིན་རི་ཡི་འདྲ་པར་གྱི་མདུན་ནས་མྱ་ངན་ཞུས་པ་དང་། ཚོས་ལུང་ཧེ་ཡིས་མྱ་ངན་ཞུ་ཚིག་ཕུལ། དེའི་རྗེས་སུ་ཁྲའོ་ཞན་མི་དམངས་དམག་སྤྱིའི་ཆབ་སྲིད་ཅུའུ་ཡི་ཅུའུ་ཀྲང་ཧོང་པེན་ཧྲི་དང་། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཆབ་སྲིད་ཅུའུ་ཡི་ཨུ་ཡིན་ཅིན་ཅི་ནན་དང་། ཅིན་རི་ཁྲིན་དང་ཅིན་ཀྲིན་རི་རིང་ལུགས་ན་གཞོན་མནའ་འབྲེལ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་དང་པོ་ཆོན་ཡུང་ནན་གཉིས་ཀྱིས་སོ་སོར་ཁྲའོ་ཞན་མི་དམངས་དམག་དང་། ཁྲའོ་ཞན་ངལ་རྩོལ་ཏང་། ཁྲའོ་ཞན་གྱི་ན་གཞོན་བཅས་ཀྱི་ཚབ་བྱས་ཏེ་གཏམ་བཤད།

ཉིན་དེའི་ཞོགས་པར། ཅིན་ཀྲིན་ཨིན་གྱིས་ད་དུང་ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་ལས་བྱེད་པ་ཁྲིད་དེ་ཁྲའོ་ཞན་གྱི་སྐུ་གཤེགས་ཟིན་པའི་མགོ་ཁྲིད་པ་ཅིན་རི་ཁྲིན་དང་ཅིན་ཀྲིན་རི་ཡི་སྐུ་གདུང་བཞག་ཡོད་སའི་ཉི་མའི་ཕོ་བྲང་ལ་མཇལ་བ་མ་ཟད། མི་སྒེར་གྱི་མིང་ཐོག་ནས་ཅིན་རི་ཁྲིན་དང་ཅིན་ཀྲིན་རི་ཡི་འདྲ་པར་མདུན་དུ་མེ་ཏོག་གི་ཕྲེང་བ་ཕུལ། ཁྲའོ་ཞན་ངལ་རྩལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ངལ་རྩོལ་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་ཨུ་ཡོན་ལྷན་ཁང། ཆེས་མཐོ་མི་དམངས་གྲོས་ཚོགས་རྒྱུན་ཁུར་ཨུ་ཡོན་ལྷན་ཁང་དང་ནང་སྲིད་ཁང་བཅས་ཀྱིས་མེ་ཏོག་གི་ཕྲེང་བ་ཕུལ།

ཉིན་གུང་གི་དུས་ཚོད་བཅུ་གཉིས་སྟེང་། ཁྲའོ་ཞན་གྱི་རྒྱལ་ཡོངས་སུ་ཉེན་བརྡ་སྐར་མ་གསུམ་གྱི་རིང་ལ་བཏང་ནས། ཅིན་ཀྲིན་རི་ལ་མྱ་ངན་དང་དྲན་གསོ་ཞུས། ཉིན་འགའི་རིང་ལ་ཕེན་རང་གྲོང་ཁྱེར་གྱི་སྡོད་དམངས་རྣམས་ཚེ་རིང་སྟེགས་བུར་སོང་ནས། ཅིན་རི་ཁྲིན་དང་ཅིན་ཀྲིན་རི་ཡི་ཟངས་སྐུ་ལ་མེ་ཏོག་ཕུལ་ནས་མྱ་ངན་ཞུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།