ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱ་རུ་སྡོད་པའི་ཨུ་རུ་སིའི་མཐུན་སྦྱོར་ལྟེ་གནས་ཀྱིས་འདས་པའི་དུས་ཚོད་ཉེར་བཞིའི་རིང་ཨ་ལེ་ཕའོ་གྲོང་ཁྱེར་གྱི་མི་སེར་དཀྱུས་མ་སྟོང་དྲུག་ཙམ་ཕྱིར་འཐེན་བྱས་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱ་རུ་སྡོད་པའི་ཨུ་རུ་སིའི་འཁྲུག་རྩོད་མཐུན་སྦྱོར་ལྟེ་གནས་ཀྱིས་ཚེས་བཅུ་བཞིའི་ཉིན་བསྒྲགས་པ་ལྟར་ན། འདས་པའི་དུས་ཚོད་ཉེར་བཞིའི་རིང་། བསྡོམས་པས་སི་རི་ཡཱའི་ཨ་ལེ་ཕའོ་གྲོང་ཁྱེར་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཚོད་འཛིན་བྱེད་པའི་ས་ཁུལ་ནས་མི་སེར་དཀྱུས་མ་སྟོང་དྲུག་ཙམ་ཕྱིར་འཐེན་བྱས་ཡོད་པ་དང་། དྲག་ཆས་ཉེས་ཅན་སུམ་བརྒྱ་ཙམ་གྱིས་མཚོན་ཆ་བསྐྱུར་ནས་ཨ་ལེ་ཕའོ་ནུབ་ཕྱོགས་ས་ཁུལ་དུ་སོང་ཡོད་ཟེར།

ཨུ་རུ་སིའི་མཐུན་སྦྱོར་ལྟེ་གནས་ཀྱི་སྤྱི་སྒྲོག་ལས་བཤད་རྒྱུར། འདས་པའི་དུས་ཚོད་ཉེར་བཞིའི་རིང་། ཨུ་རུ་སིའི་རོགས་འདེགས་འོག ཨ་ལེ་ཕའོ་གྲོང་ཁྱེར་གྱི་དྲག་ཆས་ཉེས་ཅན་གྱི་ཚོད་འཛིན་ས་ཁུལ་དུ་གནས་པའི་མི་སེར་དཀྱུས་མ་སྟོང་ལྔ་དང་དགུ་བརྒྱ་གོ་གཉིས་ཕྱིར་འཐེན་བྱས་པ་དང་། དེའི་ནང་བྱིས་པ་སྟོང་གཉིས་དང་ཉིས་བརྒྱ་བཅུ་ཡོད། དྲག་ཆས་ཉེས་ཅན་སུམ་བརྒྱ་དང་རེ་དྲུག་གིས་མཚོན་ཆ་བསྐྱུར་ནས་ཨ་ལེ་ཕའོ་ནུབ་ཕྱོགས་ས་ཁུལ་དུ་སོང་ཟེར། སི་རི་ཡཱའི་ཙུང་ཐུང་གི་ཆོད་དོན་ལྟར་དུ། དྲག་ཆས་ཉེས་ཅན་སུམ་བརྒྱ་དང་ཉེར་དགུ་སྲོག་ཐར་དུ་བཏང་ཡོད་ཟེར།

སྤྱི་སྒྲོག་ལས་བསྟན་དོན། འདས་པའི་དུས་ཚོད་ཉེར་བཞིའི་རིང་། ཨུ་རུ་སིའི་དམག་དཔུང་གིས་ཨ་ལེ་ཕའོ་ཤར་ཕྱོགས་ས་ཁུལ་ནས་ཀུང་ཆིང་བཅུ་དྲུག་གི་ས་ཁོངས་ནས་ས་འོག་འགད་རྫས་གཙང་སེལ་བྱས་པ་དང་། ཐོག་ཁང་ཞེ་ལྔ་དང་གཞུང་ལམ་སྤྱི་ལེ་བརྒྱད་ལྷག་གི་འགད་རྫས་གཏོར་ལེན་བྱས་ཡོད་ཟེར།

མིག་སྔར་སི་རི་ཡཱའི་རྒྱལ་ནང་གི་འཁྲུག་རྩོད་དེ་ཨ་ལེ་ཕའོ་གྲོང་ཁྱེར་གྱི་འཐབ་འཁྲུག་དེ་མཇུག་མཐའི་དུས་རིམ་དུ་བསླེབ་ཡོད། དེའི་སྔོན་སི་རི་ཡཱའི་སྲིད་གཞུང་དམག་དཔུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཨ་ལེ་ཕའོ་ནས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད། གྲོས་མཐུན་ལྟར་ན། ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་དང་དེའི་ཁྱིམ་མི་དག་ཚེས་བཅུ་བཞི་ཉིན་གྱི་ཞོགས་པའི་དུས་ཚོད་ལྔ་ནས་བཟུང་ཕྱིར་འཐེན་བྱེད་དགོས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།