ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ནས་ཡུལ་གྱར་བའི་གནད་དོན་དང་ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་ཀྱི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བྱུང།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

这是12月9日在德国汉堡拍摄的第23届欧洲安全与合作组织(欧安组织)外长会议的闭幕会议现场。.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འདི་ནི་ཟླ་བཅུ་གཉིས་པའི་ཚེས་དགུའི་ཉིན་འཇར་མན་གྱི་ཧན་པའོ་ནས་པར་བླངས་པའི་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་སྐབས་ཉེར་གསུམ་པ་གྲོལ་བའི་ཚོགས་རའི་ཡུལ་དངོས་རྣམ་པ་རེད། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་སྐབས་ཉེར་གསུམ་པ་ཚེས་དགུའི་ཉིན་འཇར་མན་གྱི་ཧན་པའོ་ནས་གྲོལ། གྲོས་ཚོགས་ནས་གཞི་རྒྱ་ཆེ་བའི་གནས་སྤོར་སྡོད་དམངས་དང་ཡུལ་གྱར་བའི་གནས་ཚུལ། ཝུའུ་ཁི་ལན་གྱི་ཉམས་ཉེན། རྒྱལ་ཁོངས་བརྒལ་བའི་འཇིགས་ཉེན་དང་འགྲན་རྩོད་སོགས་གྲོས་གཞི་བཅུ་གཉིས་ལ་ཐུན་མོང་གི་ལྟ་ཚུལ་བྱུང་བར་མ་ཟད་མཉམ་འབྲེལ་གསལ་སྒྲོག་ལ་གྲོས་འཆམ་བྱུང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།