ཀྲུང་གོ་བོད་ཀྱི་དྲ་བ།

སོ་ལོ་མིན་གླིང་ཚོམས་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚད་རིམ་བདུན་དང་གྲངས་ཆུང་བདུན་གྱི་ས་འགུལ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ས་གཤིས་རྟོག་དཔྱོད་ཅུའུ་ཡིས་བསྒྲགས་པ་ལྟར་ན། སོ་ལོ་མིན་གླིང་ཚོམས་ཉེ་འདབས་ཀྱི་མཚོ་ཁོངས་སུ་ཚེས་དགུའི་ཉིན་ཚད་རིམ་བདུན་དང་གྲངས་ཆུང་བདུན་གྱི་ས་འགུལ་བྱུང་། ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་འཕྱུར་ཉེན་གཏོང་ལྟེ་གནས་ཀྱིས་རྒྱ་མཚོ་འཕྱུར་བའི་ཉེན་བརྡ་བཏང་ཡོད།

ཨ་མེ་རི་ཁའི་ས་གཤིས་རྟོག་དཔྱོད་ཅུའུ་ཡིས་བསྒྲགས་པ་ལྟར་ན། ས་འགུལ་དེ་པེ་ཅིན་གྱི་དུས་ཚོད་ཚེས་དགུ་ཉིན་གྱི་ཞོགས་པའི་དུས་ཚོད་གཅིག་དང་སྐར་མ་སོ་བརྒྱད་སྟེང་སོ་ལོ་མིན་གླིང་ཚོམས་ཀྱི་ཅི་ལཱ་ཅི་ལཱ་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་རེ་བརྒྱད་མཚམས་སུ་བྱུང་བ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་ཞེ་བརྒྱད་ལྷག་ཡོད་ཟེར།

ཨ་མེ་རི་ཁའི་ས་གཤིས་རྟོག་དཔྱོད་ཅུའུ་ཡིས་ཆེས་ཐོག་མར་བསྒྲགས་པའི་ས་འགུལ་གྱི་ཚད་རིམ་བརྒྱད་ཡིན་པ་དང་། དེའི་རྗེས་སུ་ཚད་རིམ་བདུན་དང་གྲངས་ཆུང་བདུན་དུ་བཅོས་པ་རེད།

ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་འཕྱུར་ཉེན་གཏོང་ལྟེ་གནས་ཀྱིས་བཤད་རྒྱུར། ཐེངས་འདིའི་ས་འགུལ་ལས་མ་འོངས་པའི་དུས་ཚོད་འགའི་ནང་སོ་ལོ་མིན་གླིང་ཚོམས་དང་ཝ་ནོའུ་ཨ་ཐུའུ། པཱ་པུའུ་ཡཱ་ཞིན་ཀེའུ་ནེ་ཡཱ། ལུའུ་པུས། ཞིན་ཁཱ་ལི་ཏའོ་ནེ་ཡཱ། ཐུའུ་ཝ་ལུའུ་བཅས་ཀྱི་མཚོ་འགྲམ་དུ་མཚོ་འཕྱུར་བའི་ཉེན་ཁ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།