ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱི་ཧྥ་ཐཱ་ཧི་ཡིས་འདེམ་ཤོག་འཕངས་ཏེ་སྐབས་གསར་བའི་མགོ་ཁྲིད་ལུས་ཁུངས་འདེམ་བསྐོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་དུ་སྤེལ་བཞིན་པའི་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པའི་ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་ལས་འགུལ་ཧྥ་ཐཱ་ཧི་ཡི་འཐུས་མིས་ཚེས་གསུམ་ཉིན་འདེམ་ཤོག་འཕངས་ཏེ། ཧྥ་ཐཱ་ཧི་ཡི་སྐབས་གསར་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་གསར་བརྗེའི་ཨུ་ཡོན་ལྷན་ཁང་འདེམ་བསྐོ་བྱས།

ཉིན་དེར་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་གྱི་དོགས་ཟོན་མཐོར་འདེགས་བྱས་ཡོད་པ་དང་། སྲང་ལམ་ཀུན་ཏུ་ཉེན་རྟོག་པའི་རླངས་འཁོར་གྱིས་བཀང་ཡོད། ཧྥ་ཐཱ་ཧིའི་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པའི་ཚོགས་ར་དེ་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་ཏུ་བཀོད་སྒྲིག་བྱས་ཡོད་པ་དང་། ཕྱི་ནང་དུ་འགྲོ་སའི་སྒོ་ཁ་དང་ཉེ་འཁོར་གྱི་གཞུང་ལམ་ཐམས་ཅད་ཕཱ་ལེ་སི་ཐན་གྱི་བདེ་འཇགས་དམག་དཔུང་གིས་སྲུང་ཡོད། ཉིན་དེའི་འདེམ་ཤོག་འཕེན་པའི་བྱ་བ་དེ་སྔ་མོ་ནས་མགོ་བརྩམས་པ་དང་། ཕྱི་དྲོར་མཇུག་སྒྲིལ་བ་དང་། ཧ་ལམ་དུས་ཚོད་བདུན་ཙམ་འགོར་ཡོད།

འདེམ་ཤོག་འཕེན་པའི་བྱ་བ་མཇུག་སྒྲིལ་རྗེས། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་། ཧྥ་ཐཱ་ཧིའི་ཀྲུའུ་ཞི་ཨ་པཱ་སི་ཡིས་བསྟན་དོན། ཉིན་དེའི་འདེམ་ཤོག་འཕེན་པའི་བྱ་བ་བདེ་བླག་ཡིན་པ་དང་། ཁོས་མཇུག་མཐར་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པའི་ཨུ་ཡོན་གྱིས་རང་ཉིད་ཀྱི་འགན་འཁྲི་ལག་བསྟར་གང་ལེགས་བྱས་ཏེ། ཕཱ་ལེ་སི་ཐན་མི་དམངས་དང་ཕཱ་ལེ་སི་ཐན་མི་དམངས་ཀྱི་ལས་དོན་ལ་བྱས་རྗེས་འཇོག་དགོས་ཟེར།

ཧྥ་ཐཱ་ཧི་ཡི་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པ་ནི་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན་ལཱ་མུའུ་ཨན་ལཱ་ནས་ཚོགས་མགོ་བརྩམས། དེ་ནི་ཧྥ་ཐཱ་ཧི་ཡིས་ཉིས་སྟོང་དགུ་ལོར་པའོ་ལེ་ཧིན་ནས་འཐུས་མིའི་ཚོགས་ཆེན་ཐེངས་དྲུག་པ་བསྡུས་པའི་ཚུན་ལ། ལོ་ངོ་བདུན་འགོར་རྗེས་ཡང་བསྐྱར་འཐུས་མིའི་ཚོགས་ཆེན་བསྡུས་པ་རེད། དེ་ནི་གཅིག་སྟོང་དགུ་བརྒྱ་གོ་བཞིའི་ལོར་ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་བཙུགས་པའི་ཚུན་ལ། ཕཱ་ལེ་སི་ཐན་གྱི་མངའ་ཁོངས་སུ་སྤེལ་བའི་འཐུས་མིའི་ཚོགས་ཆེན་ཐེངས་གཉིས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།