ཀྲུང་གོ་བོད་ཀྱི་དྲ་བ།

ཀི་ལུའུ་ཅི་ཡཱའི་ཙུང་ཐུང་གིས་ཁི་ཝེ་ལི་ཁཱ་ཧྲི་ཝེ་ལེ་སྲིད་གཞུང་གི་ཙུང་ལི་གསར་བར་བསྐོ་འཇོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

66.jpg

ཀི་ལུའུ་ཅི་ཡཱའི་ཙུང་ཐུང་གིས་ཁི་ཝེ་ལི་ཁཱ་ཧྲི་ཝེ་ལེ་སྲིད་གཞུང་གི་ཙུང་ལི་གསར་བར་བསྐོ་འཇོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀི་ལུའུ་ཅི་ཡཱའི་ཙུང་ཐུང་མཱ་ཨར་ཀི་ཝེ་ལཱ་ཧྲི་ཝེ་ལེ་ཡིས་ཚེས་ཉེར་བདུན་ཉིན་བཀའ་རྒྱ་བཀོད་དེ། ཁི་ཝེ་ལི་ཁཱ་ཧྲི་ཝེ་ལེ་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལི་ལ་དངོས་སུ་བསྐོ་འཇོག་བྱས།

ཚེས་ཉེར་དྲུག་ཉིན་ཀི་ལུའུ་ཅི་ཡཱའི་གྲོས་ཁང་ནས་ཁི་ཝེ་ལི་ཁཱ་ཧྲི་ཝེ་ལེ་ཙུང་ལི་ཡིན་པའི་ནེ་ཀི་གསར་བའི་མིང་ཐོར་གྲོས་འཆམ་བྱུང་།

ད་ལོར་ལོ་ཞེ་དགུ་ཡིན་པའི་ཁི་ཝེ་ལི་ཁཱ་ཧྲི་ཝེ་ལེ་ནི་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པར་ཀི་ལུའུ་ཅི་ཡཱའི་སྲིད་གཞུང་གི་ཙུང་ལི་རུ་བསྐོ་འཇོག་བྱས་ཏེ། དེའི་སྔོན་ལས་ཁུར་དགོངས་ཞུ་བྱས་པའི་ཙུང་ལི་ཅཱ་ལི་པཱ་ཧྲི་ཝེ་ལེ་ཡི་ཚབ་ཏུ་འགན་ཁུར་བ་རེད།

ཀི་ལུའུ་ཅི་ཡཱ་ཡིས་ཟླ་བཅུ་བའི་ཚེས་བརྒྱད་ཉིན་སྐབས་གསར་བའི་གྲོས་ཁང་འདེམ་བསྐོའི་བྱ་འགུལ་སྤེལ། ཀི་ལུའུ་ཅི་ཡཱའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན་ཁྱབ་སྒྲོག་བྱས་པའི་མཇུག་འབྲས་ལྟར་ན། སྲིད་འཛིན་པའི་ཀི་ལུའུ་ཅི་ཡཱའི་ཕུགས་འདུན་དམངས་གཙོ་ཀི་ལུའུ་ཅི་ཡཱ་ཞེས་པའི་ཏང་ཁག་ལ་གྲོས་ཁང་གི་གྲོས་མིའི་ལས་གནས་བརྒྱ་དང་ལྔ་བཅུའི་ཁྲོད་ལས་གནས་བརྒྱ་དང་བཅོ་ལྔ་ཐོབ་ཡོད་པ་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།